[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་དྲ་མིག་ཉེན་རྟོག་ལས་དོན་སྤེལ་ནས་དམངས་བདེ་དམངས་ཕན་ཡོང་བར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    དྲ་མིག་ཉེན་རྟོག་ལས་དོན་གྱི་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་སེམས་རྩ་འཁོལ་བ་དང་། ཕན་ཚུན་རོགས་རམ། ཤེས་དཔལ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བསྐྲུན་ནས་མང་ཚོགས་ཀྱིས་དྲ་མིག་ཉེན་རྟོག་ལས་དོན་གྱི་དམངས་ཕན་དང་དམངས་བདེའི་རང་བཞིན་ཚོར་ཐུབ་ཆེད། ཉེ་ཆར། སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་དྲ་མིག་ཉེན་རྟོག་ལས་དོན་སྒྲིག་འཛུགས་ཧུར་ཐག་བྱས་ནས་ལག་ཁྱེར་སྒོ་རྩར་སྐྱེལ་བའི་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    དེའི་རིང་། མི་དམངས་ཉེན་རྟོག་པས་དེ་ཐེངས་ཀྱི་སྒོ་རྩར་ཞབས་འདེགས་ཞུ་བའི་གོ་སྐབས་ཧུར་ཐག་སྤྱད་དེ། གོང་གི་ཞིབ་ཕྲ་ཅན་གྱི་ཡིག་ཚགས་གྲངས་གཞིར་སྔར་བས་ཞིབ་བསྡུར་བྱས་ནས་འགྱུར་ལྡོག་ཕྱིན་པའི་ཆ་འཕྲིན་དུས་ཐོག་ཏུ་གསར་བརྗེས་བྱས་པས་མི་སྣའི་འགུལ་རྣམ་ཅན་གྱི་དོ་དམ་མངོན་འགྱུར་བྱུང་བ་དང་། ཁོངས་གཏོགས་ཁུལ་མང་ཚོགས་ཀྱི་ཁྱིམ་ཚང་འབྲེལ་བ་དང་། དཔལ་འབྱོར་གནས་ཚུལ། ཡོང་འབབ་ཀྱི་གཏོང་སྒོ་སོགས་ཤེས་རྟོགས་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་བྱས་པ་དང་དཀའ་ངལ་ཡོད་མེད་སྐད་ཆ་དྲིས་ནས་རོགས་རམ་བྱས་པ། འགལ་ཟླ་དང་རྩོད་གཞི་བསལ་བ་དང་། འཚོ་བའི་གློག་དང་། ཆུ། རླངས་སོགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ། “ནག་སེལ་གཤེད་བཅོམ”དང་དེ་བཞིན་གློག་འཕྲིན་གྱི་ཁ་བསླུས་དྲིལ་བསྒྲགས་ལས་དོན་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    དམངས་ཕན་ཞབས་ཞུའི་བྱེད་སྒོ་དེ་རིགས་བརྒྱུད། དྲ་མིག་གི་ཉེན་རྟོག་ལས་དོན་གྱི་རྣམ་པ་བཟང་པོ་བཏོད་པ་དང་། ཉེན་རྟོག་པ་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་བཏང་བ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་བཅས་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།