[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ས་དགའ་རྫོང་ཁྲིམས་ཁང་གིས་ནག་ཚོགས་དང་འབྲེལ་བའི་བྱེད་སྤྱོད་ཐར་པར་གཏན་ནས་མི་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    zhoumj9933_s.jpg

    འདི་ནི་ས་དགའ་རྫོང་ཁྲིམས་ཁང་གི་2019ལོའི་ཏང་རྩ་འཛུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་16པའི་ཚོགས་ར་ཡིན་པ།

    ཉིན་ཤས་གོང་། ས་དགའ་རྫོང་ཁྲིམས་ཁང་གིས་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་གྱོད་སྒྲུབ་བརྒྱུད་རིམ་ནང་མཐིལ་རྟོགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ནག་གཤེད་དང་འབྲེལ་བའི་ཁུངས་སྣེར་སྔར་བས་མཐིལ་རྟོགས་གཏིང་ཟབ་བྱེད་པ་དང་། ནག་གཤེད་དང་འབྲེལ་བའི་བྱེད་སྤྱོད་ཐར་པར་གཏན་ནས་མི་གཏོང་བ། “ནག་གཤེད་ངེས་པར་དུ་ཚར་གཅོད་བྱེད་པ་དང་། གཤེད་མ་རྩ་བ་ནས་ཚར་གཅོད་བྱ་རྒྱུ”མཐའ་འཁྱོངས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་བྱ་སྤྱོད་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འདྲི་གཅོད་ལག་བསྟར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་ཡག་པོ་གཏོང་བ་དང་། དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་དང་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱེད་དགོས་པ་དང་། ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ“ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བ་དང་། མང་ཚོགས་ཀྱིས“ནག་སེལ་གཤེད་བཅོམ”ལ་ཤེས་རྟོགས་ཐུབ་ཚད་ཆེ་རུ་དང་དེའི་ནང་ཞུགས་ཚད་མང་དུ་ཏན་ཏིག་བཏང་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་རྣམ་པ་ཉིན་རེ་བཞིན་འཁྲུག་ཏུ་དང་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་བྱང་ཚད་སྔར་བས་ལེགས་སུ་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང《ནག་ཆུ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས“ཧྲའོ་ཞིན་གྱི་ཚོགས་འདུའི”དགོངས་དོན་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས》དང་། 《ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྔར་བས་གཏིང་ཟབ་ངང་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》 《ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་13པའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚུར་ལན་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ས་དགའ་རྫོང་གི་ལས་ཀའི་ཇུས་གཞིའི》བརྡ་ཐོ་སོགས་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།