[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རྗེ་འབུམ་སྒང་སྡེ་ཁུལ་གྱིས་སེམས་ཁུར་རོགས་སྐྱོར་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ས་ཚིགས)ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སེམས་ཁུར་རོགས་སྐྱོར་གྱི་དང་བླངས་ཞབས་ཞུའི་བྱེད་སྒོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། དང་བླངས་པའི་སྙིང་སྟོབས་དར་སྤེལ་བཏང་ནས་རྗེ་འབུམ་སྒང་སྡེ་ཁུལ་གྱི་བྱིས་པར་དགའ་ཞེན་དང་སྲུང་སྐྱོང་བྱེད་པའི་སྡེ་ཁུལ་གྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་ཆར། རྗེ་འབུམ་སྒང་སྡེ་ཁུལ་གྱིས་ན་སོ་དར་ལ་མ་བབས་པའི་མིའི་བདེ་ཐང་དང་འཚར་ལོངས་ལ་སེམས་ཁུར་དང་། ཕྱོགས་མིའི་ཁྱིམ་ཚང་གི་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་དང་གཞིས་ལུས་བྱིས་པའི་ཁྱིམ་ཚང་ལ་སློབ་གསོ་གཏོང་བའི་འགན་འཁུར་རོགས་གཙོ་གནད་དུ་བྱས་ཏེ། སྡེ་ཁུལ་གྱི་དང་བླངས་པ་དང་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ“གཅེས་སེམས་བརྒྱུད་སྤྲོད་བྱས་ནས་བྱིས་པར་དགའ་ཞེན་དང་སྲུང་སྐྱོང་བྱེད་རྒྱུ”བརྗོད་དོན་གཙོ་བོར་བྱས་པའི་སེམས་ཁུར་རོགས་སྐྱོར་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་། དང་བླངས་པས“གཅིག་གཏད་གཅིག”གི་བྱེད་ཐབས་ལ་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མིར་སློབ་སྦྱོང་ཟུར་ཁྲིད་ནན་ཏན་བྱས་ཤིང་། ཕྲུ་གུ་ཚོས་དང་བླངས་པར་རང་ཉིད་ཀྱི་སློབ་སྦྱོང་དང་འཚོ་བའི་ཐད་འཕྲད་པའི་གནད་དོན་དྲིས་པར་དང་བླངས་པས་ངང་རྒྱུད་རིང་པོའི་སྒོ་ནས་ལན་བཏབ་ཡོད། དེ་རྗེས་དང་བླངས་པས་སློབ་གསེང་དེབ་ཁག་གཅིག་འཁྱེར་ཏེ་ཕྲུ་གུ་ཚོ་དང་མཉམ་དུ་ལྟ་ཀློག་བྱས་པ་མ་ཟད། ཁོང་ཚོའི་ཤེས་བྱ་སྦྱོང་བའི་ཐབས་ལམ་ཡང་རྒྱ་ཆེར་བཏང་ནས་སློབ་སྦྱོང་གི་དགའ་མོས་སྐུལ་སློང་དང་། རྩོམ་རིག་གསོག་འཇོག་དེ་བས་མང་བ་བྱས་ནས་ཁོང་ཚོར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱས་ཡོད། ཐེངས་འདིའི་སེམས་ཁུར་རོགས་སྐྱོར་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་བརྒྱུད་དང་བླངས་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་དང་། ཁོངས་གཏོགས་ཁུལ་གྱི་ཕྱོགས་མིའི་ཁྱིམ་ཚང་གི་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་དང་གཞིས་ལུས་བྱིས་པའི་སློབ་ཞོར་ཟུར་ཁྲིད་ཀྱི་དཀའ་གནད་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།