[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་དྲ་ཁང་ལ་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་ལྷ་ས་གྲོང་ཁྱེར་རིག་གནས་ཁྲིམས་འཛིན་ཡན་ལག་རུ་ཁག་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་དྲ་ཁང་82ལ་ཞིབ་བཤེར་བྱས་ཡོད།

    ཆེད་དོན་ཞིབ་བཤེར་གྱི་བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་དང་ལྷ་ས་གྲོང་ཁྱེར་རིག་གནས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་མི་སྣས་རང་སོ་སོའི་ལས་འགན་བསྒྲུབས་ཏེ་དྲ་ཁང་ནང་ན་སོ་དར་ལ་མ་བབས་པའི་མི་དྲ་བར་ཞུགས་སུ་བཅུག་ཡོད་མེད་དང་། དྲ་ཐོག་འཛད་སྤྱོད་པས་མིང་ངོ་མ་སྤྱོད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད་མེད། གཏན་འབེབས་བཞིན་ཐོབ་ཐང་ལག་ཁྱེར་སྤྱད་ནས་དྲ་བར་ཞུགས་ཡོད་མེད། བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཡོད་མེད་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་པ་མ་ཟད། ཞིབ་བཤེར་བྱེད་རིང་ཐོན་པའི་ན་སོ་དར་ལ་མ་བབས་པའི་མི་ཁག་གཅིག་གིས་ཁྱིམ་བདག་གི་ཐོབ་ཐང་ལག་ཁྱེར་སྤྱད་ནས་དྲ་བར་ཞུགས་པ་དང་། དེ་བཞིན་ན་སོ་དར་ལ་མ་བབས་པའི་མི་དྲ་བར་ཞུགས་སུ་འཇུག་མཁན་དྲ་ཁང་གཅིག་བཅས་ལ་ཉེན་བརྡ་བཏང་བ་དང་འབྲེལ་སྲིད་འཛིན་ཆད་པ་བཅད་ཡོད།

    ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་བྱེད་སྒོ་སྤེལ་བ་དེས། དྲ་ཁང་གི་གཉེར་སྐྱོང་རྣམ་པ་ནུས་ལྡན་ངང་ཚད་ལྡན་དུ་ཕྱིན་པ་དང་། དྲ་ཁང་གི་གཉེར་སྐྱོང་བའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ། ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་ཐུབ་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།