[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྦགས་བཙོག་ཡོངས་བཤེར་ཞིབ་ཚགས་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉེ་ཆར། རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་གཉིས་ཀྱི་སྦགས་བཙོག་ཡོངས་གཤེར་གཞུང་དོན་ཁང་གིས། རྒྱལ་རྩེ་རྫོང་གི་བཟོ་ལས་སྦགས་བཙོག་གི་འབྱུང་ཁུངས་དང་། ཞིང་ལས་སྦགས་བཙོག་གི་འབྱུང་ཁུངས། གཅིག་སྡུད་རྣམ་པའི་སྦགས་བཙོག་བཅོས་སྒྲིག་སྒྲིག་ཆས། ཆུ་བོར་འཇུག་སའི་བཙོག་འབུད་དོང་ཁ་སོགས་སྦགས་བཙོག་འབྱུང་ཁུངས་49ཡི་ནང་ནས་25འཐེན་བཤེར་གྱིས་ཞིབ་དཔྱད་ཞིབ་ཚགས་བྱས་པ་དང་། སྦགས་བཙོག་འབྱུང་ཁུངས་ཀྱི་ཡོངས་བཤེར་གྲངས་གཞིར་ཞིབ་བསྡུར་བྱས་ནས་རྒྱལ་རྩེ་རྫོང་གི་སྦགས་བཙོག་ཡོངས་བཤེར་དེ་བས་ཕྱོགས་ཡོངས་དང་གནད་སྨིན་ཡོང་བའི་འགན་ལེན་གྱིས་རྒྱལ་རྩེ་རྫོང་གི་རྒྱལ་ཡོངས་ཀྱི་སྦགས་བཙོག་ཡོངས་བཤེར་ཐེངས་གཉིས་པའི་གྲངས་གཞི་ཞིབ་བཤེར་དང་། ཚང་བཤེར་ཆད་གསབ། ཡིག་ཚགས་དོ་དམ། དེ་བཞིན་བཙོག་འབུད་བཏགས་གྲངས་ཞིབ་རྩིས་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་ནུས་ལྡན་བྱས་པ་རེད།

    0823ht2.jpg

    འདི་ནི་ལས་དོན་མི་སྣས་དུད་ཚང་དུ་བསྐྱོད་དེ་བརྟག་དཔྱད་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།