[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁ་ལོ་བ་ཞིག་གིས་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ལྡོག་སྐྱོད་བྱས་པས་སྐར་མ་12འཐེན་པ་དང་ཉེས་ཆད་སྒོར་200བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    zengfg98157.jpg

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རྩེད་གོང་རིམ་མཐོའི་གཞུང་ལམ་འགྲིམ་འགྲུལ་སྐོར་སྐྱོད་ཉེན་རྟོག་རུ་ཆེན་ལ་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་ཞིག་འབྱོར་ཞིང་། དེར“མང་ཚོགས་ཀྱིས་རྩེད་གོང་རིམ་མཐོའི་གཞུང་ལམ་དུ་ལྡོག་སྐྱོད་བྱེད་མཁན་གྱི་རླངས་འཁོར་ཞིག་ཡོད་པ་ཐེར་འདོན་བྱས་པ་དང་། ཁྱེད་ཚོའི་རུ་ཆེན་གྱིས་ལམ་སེང་ཉེན་རྟོག་པ་བཏང་ནས་ཐག་གཅོད་བྱེད་དགོས”ཞེས་འཁོད་ཡོད། 

    ཕྱི་དྲོའི་ཆུ་ཚོད་15དང་སྐར་མ་20ཙམ་ལ། མི་དམངས་ཉེན་རྟོག་པས་རྩེད་གོང་རིམ་མཐོའི་གཞུང་ལམ་གྲ་ནང་ཟམ་ཆེན་གྱི་དོན་སྒོའི་འགྲམ་དུ་རླངས་འཁོར(འདི་ནི་འཁོར་རྟགས་བོད་A75***ཡི་སྤྱིར་བཏང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་ཡིན་པ་དང་། ཁ་ལོ་བ་དོན་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་A2རེད)དེ་ཁ་བཀག་ཡོད་པ་རེད། དེ་དུས་དོན་ཆེ་གེ་མོས་རླངས་འཁོར་ལྡོག་སྐྱོད་བྱས་ནས་སྤྱི་ལེ་32ཙམ་བཏང་ཟིན་པ་དང་ལམ་བར་དུ་ཡང་དག་པའི་ཁ་ཕྱོགས་སུ་གཏོང་མཁན་གྱི་རླངས་འཁོར་དང་རྡུང་ཁ་ཐེངས་མང་ཤོར་གྲབས་བྱས་པ་རེད། 

    མིག་སྔར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྩེད་གོང་རིམ་མཐོའི་གཞུང་ལམ་འགྲིམ་འགྲུལ་སྐོར་སྐྱོད་ཉེན་རྟོག་རུ་ཆེན་གྱིས་དོན་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་12འཐེན་པ་དང་དངུལ་ཆད་སྒོར་200གཏོང་བའི་ཆད་པ་བཅད་པ་རེད། དེ་དང་ཆབས་ཅིག་དོན་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་གྱི་རིམ་པ་ཕབ་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།