[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལོ་ལྔ་ལ་སླེབས་པའི་བྱིས་པས་སྒོ་ལྕགས་བརྒྱབ་མེད་པའི་གློག་སྦྱོར་སྒྲོམ་ནང་འཛུལ་བས་གློག་འཁྱུད་ནས་རྨས་སྐྱོན་ཕོག་པའི་གྱོད་གཞིའི་འཕེལ་རིམ་གསར་ཤོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    2018ལོའི་ཟླ་1པོར། ལོ་ལྔ་ལ་སླེབས་པའི་ཨ་བུ་དང་བྱིས་པ་གཞན་དག་ལྟ་སྐྱོང་བ་མཉམ་དུ་མེད་པའི་གནས་ཚུལ་འོག ལྷ་སའི་བར་སྐོར་ཚོང་ཁྲོམ་ལམ་འགྲམ་དུ་རྩེད་མོ་རྩེ་སྐབས་སྒོ་ལྕགས་བརྒྱབ་མེད་པའི་གློག་སྦྱོར་སྒྲོམ་ནང་འཛུལ་པས་གློག་འཁྱུད་དེ་རྨསསྐྱོན་ཕོག་པའི་དོན་རྐྱེན་ལ་གྲོང་མིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གནས་ཚུལ་དེ་ལྷག་ནས་ལོ་གཅིག་དང་ལོ་ཕྱེད་སོང་ཡོད། ཡང་སྙིང་ཐག་གཅོད་གང་འདྲ་བྱུང་ཡོད། ཟླ་7ཚེས་30ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོབ་ལྟེ་གནས་ཀྱིས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་མཐར། མི་དམངས་ཁྲིམས་ཁང་ནས་ཁྲིམས་ལྟར་ཁྲུན་གཅོད་བྱས་ཤིང་། འབྲེལ་ཡོད་ཚན་པས་ནོར་འཁྲུལ་ཤོར་བར་གཞིགས་ནས་གུན་གསབ་80%འགན་འཁུར་དགོས་པ་དང་ལྟ་སྐྱོང་པས་20%འགན་འཁུར་དགོས་ཀྱི་ཡོད་པ་རེད།

    2018ལོའི་ཟླ་4པར། བཟའ་ཚོ་གཉིས་བྲེལ་ཚུབ་ཚུབ་ངང་ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོབ་ལྟེ་གནས་སུ་རོགས་སྐྱོབ་རེ་ཞུར་ཡོང་བ་དང་། བཟའ་ཚོ་གཉིས་པོས་ངུ་བཞིན་འདི་ལོ་ལོ་ལྔ་ལ་སླེབས་པའི་བུ་ཨ་པུ་བར་སྐོར་ཚོང་ཁྲོམ་ལམ་འགྲམ་དུ་རྩེད་མོ་རྩེ་སྐབས་ཡིད་གཟབ་མ་བྱས་པར་གློག་འཁྱུད་ནས་ལུས་པོར་རྨས་སྐྱོན་ཆེན་པོ་ཕོག་པ་དང་། ཕྲུ་གུ་སྨན་ཁང་དུ་སྨན་བཅོས་བྱེད་རིང་གྱོད་འབྲེལ་ཀུང་སི་དང་གུན་གསབ་སྐོར་ལ་བསམ་འཆར་མཐུན་གྱི་མིན་འདུག་ཅེས་བརྗོད། གྱོད་གཞི་སྙན་སེང་འབྱོར་རྗེས། ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོབ་ལྟེ་གནས་ཀྱིས་དེ་མུར་ཁྲིམས་རྩོད་པ་གཉིས་བཀོད་སྒྲིག་བྱས་ནས་ཨ་བུའི་གནས་ཚུལ་ཐག་གཅོད་བྱེད་རོགས་བྱས།

    ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཁྲིམས་རྩོད་པ་ཧོང་ཁྲང་ཁྲང་དང་ཧོ་ལེར་གྱོད་གཞི་སྙན་སེང་འབྱོར་རྗེས་ཤེས་རྟོགས་བྱུང་བར། 2018ལོའི་ཟླ་1ཚེས་31ཉིན། ཨ་བུ་དང་བྱིས་པ་གཞན་དག་གིས་ལྟ་སྐྱོང་བ་མེད་པའི་གནས་ཚུལ་འོག བར་སྐོར་ཚོང་ཁྲོམ་ལམ་འགྲམ་གྱི་སྒོ་ལྕགས་བརྒྱབ་མེད་པའི་གློག་སྦྱོར་སྒྲོམ་ནང་འཛུལ་ནས་རྩེད་མོ་རྩེ་སྐབས་ཡིད་གཟབ་མ་བྱས་པའི་དབང་གིས་གློག་འཁྱུད་ནས་རྨས་སྐྱོན་ཆེན་པོ་ཕོག དེ་རྗེས་ཨ་བུ་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ།

    དེ་རྗེས་མུ་མཐུད་བརྟག་དཔྱད་སྨན་བཅོས་བྱ་ཆེད། 2018ལོའི་ཟླ་4པར། ཨ་བུའི་ཕ་མ་གཉིས་དང་མཉམ་དུ་ནང་སའི་སྨན་ཁང་དུ་བརྟག་དཔྱད་སྨན་བཅོས་བྱེད་པར་བསྐྱོད། དེའི་རིང་སྨན་བཅོས་རིན་པ་དང་། འགྲིམ་འགྲུལ་རིན་པ། ཞག་སྡོད་རིན་པ་བཅས་ཁྱོན་སྒོར་ཁྲི་2ལྷག་ཙམ་སོང་མོད། འོན་ཀྱང་གྱོད་འབྲེལ་ཀུང་སིས་ཨ་བུའི་རྨས་སྐྱོན་དང་གུན་གསབ་ཐད་སེམས་ཁུར་རྩ་བ་ནས་བྱེད་ཀྱི་མེད་པས་ཨ་བུ་དང་ཕ་མ་གཉིས་ལྷ་སར་ལོག་དགོས་བྱུང་།

    ཧོང་ཁྲང་ཁྲང་གིས་གྱོད་གཞི་འདི་ཕྱོགས་གཅིག་ནས་གློག་སྦྱོར་སྒྲོམ་ནང་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྡན་ཡོད་ཀྱང་ལས་དོན་པས་བདེ་འཇགས་དོ་དམ་གྱི་འགན་ཁུར་མེད་པ་དང་ཕྱོགས་གཞན་ཞིག་ནས་ལྟ་སྐྱོང་བས་ལྟ་སྐྱོང་གི་འགན་ཁུར་མེད་པས་དོན་རྐྱེན་དེ་ལྷག་པ་རེད།

    གནས་ཚུལ་གྱི་རྒྱུ་རྐྱེན་ཤེས་རྟོགས་བྱུང་རྗེས། ཧོང་ཁྲང་ཁྲང་དང་ཧོ་ལེས་དབང་ཆར་གནོད་འཚེ་གཏོང་མཁན་གྱི་འགན་འཁྲི་འཁུར་དགོས་མཁན་ཕྱོགས་དང་མཐུན་སྦྱོར་ཧུར་ཐག་བྱས་མོད། ཡིན་ནའང་གྱོད་འབྲེལ་ཕྱོགས་ཀྱིས་རྒྱུ་རྐྱེན་སྣ་ཚོགས་ལ་ཁ་གཡར་ནས་གུན་གསབ་སྤྲད་མེད།

    གྱོད་གཞི་འདིའི་དཀའ་ཚེགས་ནི་ཀུང་སི་དང་ལྟ་སྐྱོང་བས་ཕན་ཚུན་འགན་འཁྲི་ཁག་དཀྲི་བྱེད་པ་་མ་ཟད། བརྟག་དཔྱད་ལ་གཞོགས་འདེགས་བྱེད་ཀྱི་མེད་པ་དེ་རེད། མཐུན་སྦྱོར་ལ་ཕན་འབྲས་ཐོན་མེད་པའི་གནས་ཚུལ་འོག འདི་ལོའི་ཟླ་5པར། ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ། མཐར་ཕྱོགས་མང་མཐུན་སྦྱོར་བྱས་རྗེས་གྱོད་གཞི་འདི་ཉེ་དུས་ཞིབ་གཅོད་བྱས་ཡོད་ཅེས་ཧོང་ཁྲང་ཁྲང་གིས་བརྗོད་པ་དང་། ཁོང་གིས་ངོ་སྤྲོད་བྱས་དོན། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁྲུན་གཅོད་བྱས་པ་དང་གྱོད་འབྲེལ་ཚན་པས་ནོར་འཁྲུལ་ཤོར་བའི་འགན་འཁྲི་གཞིར་བཟུང་གུན་གསབ་80%འགན་འཁུར་དགོས་པ་དང་། ལྟ་སྐྱོང་པས་20%འགན་འཁུར་དགོས་ཀྱི་ཡོད།

    དབྱང་གསེང་རིང་བྱིས་པ་ཚོར་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་མང་ཤོས་ཀྱི་དུས་ཡིན་པས་ཁྱིམ་བདག་རྣམ་པར་དྲན་སྐུལ་ཞུ་རྒྱུར། གུང་གསེང་རིང་ཁྱིམ་བདག་རྣམ་པས་རང་ཉིད་ཀྱི་ཕྲུ་གུར་བདག་པོ་ཡག་པོ་རྒྱག་དགོས་པ་མ་ཟད། ཕྲུ་གུར་བདེ་འཇགས་ཀྱི་ཤེས་བྱ་མང་ཙམ་བསླབ་ནས་ཁོང་ཚོའི་བདེ་འཇགས་ཀྱི་འདུ་ཤེས་མཐོ་རུ་བཏང་སྟེ་ཐོལ་བྱུང་དོན་རྐྱེན་མི་ཐོན་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།