[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཡུལ་སྐོར་བ་ཡེ་ལར་ལུས་པས་མེ་ཟོན་རུ་མིས་འཕྲལ་མར་བསྐྱབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཟླ་7ཚེས་16ཉིན་གྱི་ཆུ་ཚོད་15དང་སྐར་མ་37ལ་ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་བཀོད་འདོམས་ལྟེ་གནས་ལ་ཧྲན་ཏུང་གི་ཡུལ་སྐོར་བ་ཞིག་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཡེ་ལ་རི་གཤམ་དུ་འབབ་སྐབས་མགྱོགས་ལམ་དུ་ཕྱིན་ནས་གཡང་གཟར་བྲག་རིའི་སྟེང་ལུས་ཏེ་བབ་ཐབས་བྲལ་བའི་གནས་ཚུལ་ཐོན་པའི་སྙན་སེང་འབྱོར། སྙན་སེང་འབྱོར་རྗེས་བཀོད་འདོམས་ལྟེ་གནས་ཀྱིས་རླངས་འཁོར་གཅིག་དང་མི་6ཡུལ་དངོས་སུ་འཚོལ་སྐྱོབ་བྱེད་པར་མངགས།

    རོགས་སྐྱོབ་མི་སྣས་ལམ་བར་དུ་ཉེན་ཐོན་གྱི་ཁ་པར་ཨང་གྲངས་གཞིར་བཟུང་། ཉེན་གྱར་མི་སྣ་དང་འབྲེལ་བ་ཐུབ་ནས་གནས་གཏན་འཁེལ་བྱས། ཆུ་ཚོད་17དང་སྐར་མ་05ཡི་ཐོག་རོགས་སྐྱོབ་མི་སྣ་ཡེ་ལར་འབྱོར་ནས་ཆུ་ཚོད་གཅིག་འཚོལ་སྐྱོབ་བྱས་པ་བརྒྱུད། ཆུ་ཚོད་18དང་སྐར་མ་10ཡི་ཐོག་ཉེན་གྱར་མི་སྣ་གང་དུ་ཡོད་མེད་ཤེས་རྟོགས་ཐུབ། འོན་ཀྱང་ཉེན་གྱར་མི་སྣའི་གཟུགས་པོའི་ཤུགས་ཚང་མ་ཟད་པར་བརྟེན་གོམ་པ་རྒྱག་ཐབས་བྲལ་བས་རོགས་སྐྱོབ་མི་སྣས་སྒལ་པར་ཁུར་ནས་ཆུ་ཚོད་18དང་སྐར་མ་50ཐོག་ཉེན་གྱར་མི་སྣ་བདེ་འཇགས་ཀྱི་ས་ཆར་བསྐྱལ།

    མེ་ཟོན་རུ་མིས། རྒྱ་ཆེའི་མང་ཚོགས་ཚོས་ཕྱིར་སྐྱོད་སྐབས་ངེས་པར་དུ་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་འགྲོ་སའི་གནས་ཚུལ་རྒྱུས་མངའ་བྱེད་པ་ལས་མགྱོགས་ལམ་བརྒྱུད་ནས་འགྲོ་རྒྱུ་མེད་པར་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།