[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྟག་རྩེ་ཆུས་ཀྱིས་རྡོ་སོལ་ཕུད་པའི་གཏེར་རིའི་ཁེ་ལས་ལ་འབྲུབ་དུས་ཀྱི་བདེ་འཇགས་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    རྡོ་སོལ་ཕུད་པའི་གཏེར་རིའི་ཁེ་ལས་ཀྱིས་འབྲུབ་དུས་ཀྱི་འགན་འཁྲི་དང་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་ལ་སྐུལ་མ་བཏང་སྟེ་ཆར་དུས་ཀྱི་འབྲུབ་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། སྟག་རྩེ་རྫོང་འཕྲལ་སྡོམ་ཅུས་ཀྱིས《2019ལོའི་འབྲུབ་དུས་ཀྱི་རྡོ་སོལ་ཕུད་པའི་གཏེར་རིའི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་ཅུས་ཀྱི་བརྡ་ཐོའི》དགོངས་དོན་གཞིར་བཟུང་། ཉེ་ཆར་ཆེད་མི་སྒྲིག་འཛུགས་བྱས་ནས་ཕུ་གཤོང་གཏེར་ལས་ཀྱི་ཐོན་སྐྱེད་དང་ལས་མཚམས་འཇོག་རིང་གི་འབྲུབ་དུས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་ཁེ་ལས་ཀྱི་འབྲུབ་འགོག་ལས་དོན་གྱི་སྙན་སེང་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གཙོ་གནད་ཐོག་ཁེ་ལས་དེའི་འབྲུབ་དུས་ཀྱི་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་། ཆུ་ལོག་སྔོན་འགོག་བྱ་ཐབས། ལས་རེས་ལས་གྲབས། འབྲུབ་དུས་ཀྱི་བདེ་འཇགས་ཀྱི་རྐྱེན་ངན་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་སྡོམ་སོགས་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་བྱས་པ་དང་ཆབས་ཅིག ཁེ་ལས་ལ་འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱའང་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།