[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་སར་སྐྱེས་པ་ཞིག་གིས་ཁྲིམས་འགལ་ངང་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཚོང་གཉེར་བྱས་པས་ཉེས་དོན་བཀག་ཉར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུར་ཞིབ་ཉིང་ལག་རུ་ཁག་གིས་ཉེན་ཆེའི་རྫས་འགྱུར་དངོས་ཟོག་ཁྲིམས་འགལ་ངང་བཙོངས་པའི་གྱོད་གཞི་ཞིག་རྩད་ཆོད་པར། གྱོད་འབྲེལ་དངུལ་སྒོར་ཁྲི་24ལྷག་ཙམ་ཟིན་གྱི་ཡོད། 

    ཉེས་གསོག་དོགས་ཅན་ཞིག་བཟུང་། 

    འཛུགས་སྐྲུན་རྒྱུ་ཆ་ཚོང་གཉེར་པུའུ་ཞིག་གི་འགན་འཁུར་བ་ཁྲེང་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་དུ་ཉེན་ཆེའི་རྫས་འགྱུར་དངོས་ཟོག་ཁྲིམས་འགལ་ངང་ལས་སྣོན་ཚོང་གཉེར་བྱས་པར། གྱོད་འབྲེལ་དངུལ་སྒོར་ཁྲི་24ལྷག་ཙམ་ཟིན་པའི་ཁྲིམས་འགལ་ཚོང་གཉེར་གྱོད་གཞི་ཞིག་2019ལོའི་ཟླ་3པར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ལ་རྩིས་སྤྲད། 

    ཁུངས་སྣེ་འབྱོར་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས། དེ་མུར་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་ཞིང་། བརྟག་དཔྱད་དཔང་ལེན་བྱས་རྗེས། གྱོད་གཞི་སྒྲུབ་གཉེར་མི་དམངས་ཉེན་རྟོག་པས་ཤེས་པར་ཁྲེང་ཆེ་གེ་མོས་2011ལོའི་ཟླ་3པར་དེ་སྔའི་ལྷ་ས་གྲོང་ཁྱེར་གྱི་བཟོ་ཚོང་ཅུས་གྲོང་ནུབ་ཡན་ལག་ཅུས(ད་ཆ་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སུ་བསྒྱུར་བ)སུ་འཛུགས་སྐྲུན་རྒྱུ་ཆ་ཚོང་གཉེར་ཁང་ཞིག་ཐོ་འགོད་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པ་དང་ཆོག་འཐུས་ལག་ཁྱེར་སོགས་གང་ཡང་མེད་པར་སྟོད་ལུང་བདེ་ཆེན་ཆུས་ནས་མཛོད་ཁང་ཞིག་གཡར། ལྷ་ས་གྲོང་ཁྱེར་དུ་ལིའུ་སོན་དང་ཆིང་དབྱང་འགྱུར་ནཱ་སོགས་ཀྱི་ཉེན་ཆེའི་རྫས་འགྱུར་དངོས་ཟོག་ཁྲིམས་འགལ་ངང་ཚོང་གཉེར་དང་། དབོར་འདྲེན། ཉར་ཚགས་བཅས་ཀྱི་བྱེད་སྤྱོད་སྤེལ། 

    2017ལོའི་ཟླ་6པ་དང་ཟླ་10པར་ཁྲེང་ཆེ་གེ་མོར་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པ་དང་། ཉེན་ཆེའི་རྫས་འགྱུར་དངོས་ཟོག་ཚོང་གཉེར་གྱི་ཆོག་འཐུས་ལག་ཁྱེར་མེད་པར་བརྟེན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་དང་སྟོད་ལུང་བདེ་ཆེན་ཆུས་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་དངུལ་ཆད་སྒོར་ཁྲི་2དང་ཁྲི་5སོ་སོར་བཏང་མོད།འོན་ཀྱང་ཁྲེང་ཆེ་གེ་མོར་ད་དུང་སྣ་སུན་མ་ཕོག་པར་སྟེས་དབང་གི་བསམ་བློ་ཁྱེར་ནས་2019ལོའི་ཟླ་3པར་ལྷ་ས་གྲོང་ཁྱེར་དུ་མུ་མཐུད་ཉེན་ཆེའི་རྫས་འགྱུར་དངོས་ཟོག་ཁྲིམས་འགལ་ངང་བཙོངས།

    2019ལོའི་ཟླ་4པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུར་ཞིབ་ཉིང་ལག་རུ་ཁག་གིས་བདེ་འཇགས་ཉིང་ལག་རུ་ཁག་དང་། དེ་བཞིན་སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲེང་ཆེ་གེ་མོ་བཟུང་བ་དང་། མིག་སྔར། ཁྲེང་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་སུ་ཉེས་དོན་བཀག་ཉར་བྱས་ནས། བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག་རྒྱུ་རེད། ཉེས་གསོག་དོགས་ཅན་ཁྲེང་ཆེ་གེ་མོས་བདེ་འཇགས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སྲིད་འཛིན་ཆད་པ་བཅད་ཀྱང་། སྟེས་དབང་གི་བསམ་བློ་ཁྱེར་ནས་མུ་མཐུད་ཉེན་ཆེའི་རྫས་འགྱུར་དངོས་ཟོག་ལས་སྣོན་དང་བཙོངས་པ་དེ་བཅའ་ཁྲིམས་ལས་འགལ་བ་ཞིག་དང་། ལོག་ལམ་དུ་བསྐྱོད་པ་ཞིག་ཡིན་པས། ད་ཆ་འགྱོད་པ་ཆེན་པོ་སྐྱེ་གི་འདུག་ཅེས་བཤད།

    ཉེན་ཆེའི་དངོས་རྫས་ལ་ཞིབ་བཤེར་བྱས་པ།

    ཞིབ་བཤེར་རིང་། མི་དམངས་ཉེན་རྟོག་པས་ལས་སྣོན་ཚོང་གཉེར་ཁང་གི་ཉེན་ཡོད་རྫས་འགྱུར་དངོས་ཟོག་བེད་སྤྱོད་ལ་ཞིབ་བཤེར་བྱས་ཤིང་། ངོ་སྤྲོད་ཉན་པ་དང་ཡུལ་དངོས་ལ་བརྟག་དཔྱད་སོགས་ཀྱི་ཐབས་ཤེས་སྤྱད་ནས། འབར་གས་སླ་བའི་རྫས་འགྱུར་དངོས་ཟོག་ཉོ་བ་དང་། བེད་སྤྱོད། ཉར་ཚགས་སོགས་ཀྱི་ལྷུ་ཚིག་ཁག་ལ་ཞིབ་བཤེར་བྱས་པ་མ་ཟད། ཚོང་དུད་ཀྱིས་ཉེན་ཆེའི་རྫས་འགྱུར་དངོས་ཟོག་སྤྱོད་དགོས་འཁེལ་ཚེ་ངེས་པར་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས་ལ། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉར་ཚགས་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཁྲིམས་མཐུན་ཚད་ལྡན་ངང་ཉེན་ཆེའི་རྫས་འགྱུར་དངོས་ཟོག་སྤྱོད་དགོས། དེ་དང་ཆབས་ཅིག མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མེ་ཟོན་སྒྲིག་ཆས་དང་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཆ་ཚང་པོ་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་འདུག 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།