[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མི་དམངས་ཉེན་རྟོག་པས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བར་བདལ་གླ་ལེན་རོགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    ཟླ་ལྔ་པའི་ཟླ་སྨད་ཀྱི་ཉིན་ཞིག་གི་ཐོ་རེངས་ཆུ་ཚོད་གཉིས་པ་ཙམ་ལ་ཁ་ལོ་བ་ཁྲང་གིས་ལྷ་ས་གྲོང་ཁུལ་གྱི་ནང་མ་ཁང་ཞིག་གི་སྒོ་འགྲམ་ནས་ལོ་ན་20ལྷག་ཙམ་ལ་སླེབས་པའི་ཕོ་གཞོན་ཞིག་རླངས་འཁོར་ནང་བླུགས། ན་གཞོན་དེས་བརྒྱད་གཅིག་ལམ་དུ་འགྲོ་གི་ཡིན་ཞེས་བརྗོད་པ་དང་བདལ་གཏོང་རླངས་འཁོར་བརྒྱད་གཅིག་ལམ་གྱི་མཚམས་སུ་འབྱོར་སྐབས་སླར་ཡང་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་འགྲོ་མཁན་ཡིན་པས་བདལ་གླ་ག་ཚོད་ཡིན་ནམ་ཞེས་དྲིས། རིན་གོང་སྒྲིག་རྗེས་ཕོ་གཞོན་དེས་ཁ་ལོ་བ་ཁྲང་ལ་སྒོར་150སྤྲད་དེ་ཚལ་སྣེ་ཤང་དུ་འགྲོ་རྒྱུའི་ཐག་བཅད།

    “སྐབས་དེ་དུས་ངའི་བསམ་པར་ཕྱོགས་གཅིག་ནས་རང་ཉིད་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་སེམས་ཁྲལ་ཕྲན་བུ་བྱུང་ལ། ཕྱོགས་གཞན་ཞིག་ནས་ནམ་ཕྱེད་ཟིན་པས་ཐག་རིང་དུ་འགྲུལ་པ་ཞིག་དབོར་ནས་ཡོང་འབབ་མང་ཙམ་གསོག་ཐུབ་ནའང་སྙམ་བྱུང”ཞེས་ཁ་ལོ་བ་ཁྲང་གིས་བརྗོད།

    ཐོ་རེངས་ཆུ་ཚོད་གསུམ་པ་ཙམ་ལ་ཁ་ལོ་བ་ཁྲང་གིས་ཕོ་གཞོན་དེ་བླུགས་ནས་ཚལ་སྣེ་ཤང་དུ་འབྱོར། སྐབས་དེར་ཕོ་གཞོན་དེས་རང་ཉིད་ཀྱི་དངུལ་ཚང་མ་ལུས་ཐོག་ཏུ་ཁྱེར་མེད་པར་སོ་སོའི་རླངས་འཁོར་ནང་བཞག་ཡོད་ཅེས་བརྗོད་དེ་བདལ་གཏོང་རླངས་འཁོར་ནས་བབས་ཏེ་རང་ཉིད་ཀྱི་རླངས་འཁོར་ནང་དངུལ་ལེན་པར་སོང་།

    སྐར་མ་ལྔ་སོང་རྗེས་ཕོ་གཞོན་དེ་ད་དུང་རང་ཉིད་ཀྱི་རླངས་འཁོར་ནང་བསྡད་དེ་མར་བབས་མེད། ཁ་ལོ་བ་ཁྲང་སྡོད་ཁོམ་མེད་པར་གྱུར་ཏེ་རླངས་འཁོར་དེའི་འཁོར་བྱང་གི་ཨང་གྲངས་བློ་ལ་ངེས་པ་མ་ཟད། ཕོ་གཞོན་དེར“ཁྱེད་གང་བྱེད་ཀྱི་ཡོད་དམ”ཞེས་དྲིས། ཕོ་གཞོན་དེས“རླངས་འཁོར་ནང་དུའང་དངུལ་མི་འདུག ཡང་མིན་ན་ང་དང་མཉམ་དུ་ཁྱིམ་ལ་དངུལ་ལེན་པར་འགྲོ་ཞེས་བཤད། ངའི་ཁྱིམ་ནི་ཚལ་སྣ་གྲོང་ཚོར་ཡོད་ཅེས་བཤད” དེས་ན་ཁ་ལོ་བ་ཁྲང་གིས་ཕོ་གཞོན་དེའི་རླངས་འཁོར་གྱི་རྗེས་དེད་ནས་བདལ་གླ་ལེན་པར་འགྲོ་རྩིས་བྱས།

    མུན་པ་ནག་ཅིང་ལམ་འབར་འབུར་ཡིན་པའི་ཁར་ཆ་རྒྱུས་མེད་པའི་དབང་གིས་ཕོ་གཞོན་དེ་ལམ་ཀྱོག་འགའ་བརྒྱུད་རྗེས་གར་སོང་ཆ་མེད་དུ་གྱུར་སྟབས་ཁ་ལོ་བ་ཁྲང་གིས་110ལ་ཉེན་བརྡ་བཏང་། ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་11ཙམ་ལ་མི་དམངས་ཉེན་རྟོག་པས་ཁ་ལོ་བ་ཁྲང་ལ་ཁ་པར་བརྒྱབ་ནས“ཕོ་གཞོན་དེ་རྙེད་བྱུང་ལ་བདལ་གླ་ཡང་འཁྱེར་ཡོད”ཅེས་བརྗོད།

    “སྐབས་དེར་ངས་ཉེན་བརྡ་གཏོང་སྐབས་བདལ་གླ་རག་གི་རེད་སྙམ་མ་བྱུང་། ཐབས་ཟད་འུ་ཐུག་ཏུ་གྱུར་ནས་སྡུག་བསྔལ་བཤད་པ་ཙམ་ཡིན”ཞེས་བདལ་གླ་རག་རྗེས་ཁ་ལོ་བ་ཁྲང་གིས་ཁ་པར་12345བརྒྱབ་ནས་ཚལ་སྣེ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།