[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • དྲ་ཁང་ནས་རྐུ་མ་ལང་ཤོར་གཉིས་བཟུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་110བཀོད་འདོམས་ལྟེ་གནས་ཀྱི་བཀའ་ཞིག་འབྱོར་བ་སྟེ། དྲ་ཁང་ཞིག་ཏུ་རྐུ་མ་ཐེངས་གཉིས་ཤོར་འདུག ཉེན་རྟོག་པ་བཏང་ནས་ཞིབ་གཅོད་བྱེད་དགོས་ཞེས་བླང་བྱ་བཏོན་པ་དེ་རེད། བཀའ་རྒྱ་འབྱོར་མ་ཐག མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པར་བསྐྱོད་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། གནོད་འཚེ་ཕོག་མཁན་ཁང་ཆེ་གེ་མོས་དྲ་ཁང་གི་ཚོང་སྟེགས་ཐོག་བཞག་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཞིག་བརླགས་ཤིང་། ཁ་པར་དེའི་ནང་མགོ་སྦྲེལ་བྱས་པའི་དངུལ་ཁང་གཱ་ལ་དངུལ་སྒོར་4264ཡོད་པ་རེད། གཞན་ཡང་གནོད་འཚེ་ཕོག་མཁན་ལིའུ་ཆེ་གེ་མོས་དྲ་ཁང་གི་ཚོང་སྟེགས་ཐོག་བཞག་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་བུད་མེད་ཀྱི་ལྟོ་ཕད་གཅིག་བརླགས་པའི་ནང་དངུལ་སྨར་སྒོར་700ལྷག་ཙམ་ཡོད་པ་ཤེས་རྟོགས་བྱུང་།

    གནས་ཚུལ་ཤེས་རྟོགས་བྱུང་རྗེས། མི་དམངས་ཉེན་རྟོག་པས་འབྲེལ་ཡོད་རྩད་ཞིབ་ལས་དོན་འཕྲལ་མར་སྤེལ་ཞིང་། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མཐུན་སྦྱོར་ཧུར་ཐག་འོག ལྷ་སའི་དྲ་ཁང་ཞིག་ནས་ཉེས་གསོག་དོགས་ཅན་ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ་གཉིས་བདེ་བླག་ངང་བཟུང་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།