[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་དུ་བཅའ་སྡོད་དཔུང་སྡེ་ཞིག་གིས་ས་གནས་སློབ་གྲྭ་དང་མཉམ་འགུལ་བྱས་ཏེ་རྒྱལ་སྲུང་སློབ་གསོའི་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-21

    zengfg9576_b.jpg

    འདི་ནི་དཔུང་སྡེ་དེའི་དཔོན་དམག་དང་བཅའ་སྡོད་ཁུལ་གྱི་སློབ་འབྲིང་གི་འབྲེལ་ཡོད་འགན་ཁུར་བས་སློབ་མ་ཚོར་བྱ་དགའ་སྤྲད་ནས་ཁོང་ཚོར་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་གཏོང་བཞིན་པ།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་སློབ་འབྲིང་གིས་སྐབས་35པའི་ལུས་རྩལ་འགྲན་ཚོགས་དང་རིག་གནས་སྒྱུ་རྩལ་དུས་ཆེན་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔོན། བོད་ལྗོངས་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་21སྤོ་བོ་རྫོང་གི་སློབ་འབྲིང་དུ་བསྐྱོད་ནས་རྒྱལ་སྲུང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་ཞིང་། རྒྱལ་སྲུང་སློབ་གསོ་དང་། དམག་དཔུང་གི་རྒྱུན་ཤེས། རུ་སྟར་གྱི་རྨང་གཞིའི་འགུལ་སྟངས། དམག་མིའི་དྲག་རྩལ་ངོམས་སྟོན་སོགས་ཚོད་ལྟའི་སློབ་ཚན་ཁག་ཅིག་གཙོ་བོར་འཚོགས་ནས་གཞོན་ནུ་ལོ་ཆུང་རྣམས་དམག་དཔུང་ནང་ཞུགས་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མཐའ་སྲུང་རྒྱལ་སྐྱོབ་ཀྱི་སྤྲོ་སེམས་སྐོང་འཐེན་བྱས་པ་རེད།

    ཟླ་3པ་ཤར་ཚུན་དུ། དཔུང་སྡེ་དེས“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྗིད་པོ་འཁུར་ཕོད་པའི”བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་ཁྲིད་ཚོགས་ཆུང་5བཙུགས་ནས་ས་གནས་དེ་གའི་སློབ་གྲྭར་གསར་བརྗེའི་ཁྲག་རྒྱུན་ཟམ་མི་ཆད་པར་བསྣན་པ་རེད། “སློབ་གྲྭར་གསར་བརྗེའི་གཞི་རྒྱུ་སྣོན་པ་དེ་རྒྱལ་སྲུང་སློབ་གསོའི་དམ་འཛིན་བྱེད་གཞི་ཡིན་པ་མ་ཟད། གཞོན་ནུ་ལོ་ཆུང་འཚར་ལོངས་དུས་རིམ་གྱི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཀྱང་རེད”ཅེས་དཔུང་སྡེ་དེའི་འབྲེལ་ཡོད་འགན་ཁུར་བ་ལིའུ་མེང་ཆོན་གྱིས་གསུངས་པ་དང་། ཁོང་གིས་རྒྱལ་གཅེས་སློབ་གསོར་ཤུགས་སྣོན་རྒྱག་པར་གཙོ་གནད་ནི་སྔར་བཞིན་སློབ་གྲྭ་ཡིན་པ་དང་། སློབ་རའི་གཡུལ་ས་གཙོ་བོ་དེར་དམ་འཛིན་བྱས་ཚེ་གཞི་ནས་རྒྱལ་སྲུང་སློབ་གསོའི་སྤུས་ཚད་མཐོ་རུ་ནུས་ལྡན་འགྲོ་ཐུབ་པ་དང་རྒྱལ་སྲུང་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་ཐུབ་ཅེས་ངོ་སྤྲོད་བྱས།

    འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པ་དང་། དཔུང་སྡེ་དེས་དུས་གཏན་འཁེལ་ནང“དམག་སྒར་སྒོ་དབྱེད་ཉིན་མོའི”བྱེད་སྒོ་སྤེལ་ནས་སློབ་གྲྭ་ཆེ་མོ་བའི་དམག་མིའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། སྒར་ཁུལ་གྱི་སྒྲིག་བཀོད་དང་། གོ་ཆ་དང་ཡོ་བྱད། རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྱོང་བཅས་དང་ཟུང་འབྲེལ་བྱས་ཏེ་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དཔུང་སྡེའི་ཉིན་རྒྱུན་གྱི་འཚོ་བ་དང་། སྦྱོང་བརྡར་ཐད་ཀར་འགྲེམས་སྟོན་བྱས་ཏེ་ཁོ་ཚོའི་དཀའ་སྡུག་མྱོང་བའི་འདུ་ཤེས་དང་ལེགས་སྐྱེས་འབུལ་བའི་འདུ་ཤེས་ཏན་ཏིག་ངང་བརྟན་དུ་བཏང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།