[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་ཀྱིས་སྤྱི་ཚོགས་རྩ་འཛུགས་ཀྱི་ཐོ་འགོད་དོ་དམ་ལས་དོན་ལ་སྐུལ་སྤེལ་བརྟན་པོ་གཏོང་བ།

    ལྗོངས་ཡོངས་སུ་ཐོ་བཀོད་པའི་སྤྱི་ཚོགས་རྩ་འཛུགས་སྣ་ཚོགས་ 594ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྤྱི་ཚོགས་རྩ་འཛུགས་དོ་དམ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་སྔར་བས་ཆེ་རུ་ཕྱིན་པ། སྤྱི་ཚོགས་རྩ་འཛུགས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་སོང་བ། སྤྱི་ཚོགས་རྩ་འཛུགས་ཀྱི་ཁྱབ་ཁོངས་སྔར་བས་སྣ་མང་དུ་སོང་ཡོད། 2019ལོའི་ཟླ་4བར། ལྗོངས་ཡོངས་སུ་ཐོ་བཀོད་པའི་སྤྱི་ཚོགས་རྩ་འཛུགས་594ཟིན་པའི་ནང་སྤྱི་ཚོགས་ཚོགས་པ་537དང་། ཐེབས་རྩ་ལྷན་ཚོགས་22 དམངས་གཉེར་གྱི་ཁེ་ལས་མིན་པའི་ཚན་པ་35བཅས་ཡོད་པ་དང་། སྤྱི་ཚོགས་རྩ་འཛུགས་ནང་དཔལ་འབྱོར་དང་། རིག་གནས། ཡུལ་སྐོར། ལུས་རྩལ། ཚན་རྩལ། བཅའ་ཁྲིམས། སྤྱི་ཚོགས་ཞབས་ཞུ་སོགས་ཁྱབ་ཁོངས་མང་དག་ཅིག་ཡོད་པ་རེད།

    2019ལོར། རང་ལྗོངས་ཀྱིས་མུ་མཐུད་བསམ་བློའི་ངོས་འཛིན་མཐོར་གཏོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྤྱི་ཚོགས་རྩ་འཛུགས་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རྩ་འཛུགས་ཀྱི་ཐོ་འགོད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། སྤྱི་ཚོགས་རྩ་འཛུགས་ཁྱབ་ཁོངས་ནང“དྲ་སྦྲེལ་+”སྤྱོད་རྒྱུར་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།