[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ཀྱིས་སྲིད་འཛིན་ཁྲིམས་འཛིན“ལམ་ལུགས་ཁག་གསུམ”གྱི་ལག་བསྟར་ཇུས་གཞི་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    སྲིད་འཛིན་ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན་ཡོང་ཆེད། ཉེ་དུས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《སྲིད་འཛིན་ཁྲིམས་འཛིན་གྱི་སྤྱི་བསྒྲཌ་ལམ་ལུགས་དང་། ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོའི་ཐོ་འགོད་ལམ་ལུགས། ཁྲིམས་འཛིན་གཏན་འབེབས་གལ་ཆེའི་ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《ལག་བསྟར་ཇུས་གཞིའི》ནང་། 2019ལོའི་ཟླ་11ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་ཆོག་འཐུས་དང་། སྲིད་འཛིན་ཆད་གཅོད། སྲིད་འཛིན་བཙན་ཤེད། སྲིད་འཛིན་ཞིབ་བཤེར། སྲིད་འཛིན་བསྡུ་ལེན་བསྡུ་སྤྱོད་བཅས་སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་རིགས་ལྔ་ཡི་ཁྲོད། སྲིད་འཛིན་ཁྲིམས་འཛིན་གྱི་སྤྱི་བསྒྲགས་ལམ་ལུགས་དང་། ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོའི་ཐོ་འགོད་ལམ་ལུགས། ཁྲིམས་འཛིན་གཏན་འབེབས་གལ་ཆེའི་ཁྲིམས་ལུགས་ཞིབ་བཤེར་ལམ་ལུགས་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཁྲིམས་འཛིན་ཆ་འཕྲིན་ཡོངས་བསྒྲགས་ཁ་གསལ་དང་ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོ་གསལ་པོར་བཀོད་དེ། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་གྱིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    《ལག་བསྟར་ཇུས་གཞིའི》ནང་། “ལམ་ལུགས་ཁག་གསུམ”གྱི་འབྲེལ་ཡོད་བླང་བྱ་ཞིབ་ཚཌ་སུ་བཏང་བ་དང་སྦྲཌ་ཞིབ་ཕྲའི་བྱ་ཐབས་ཀྱང་ཁ་གསལ་བཟོས་ཡོད་པ་སྟེ། གཅིག་ནི་སྲིད་འཛིན་ཁྲིམས་འཛིན་གྱི་སྤྱི་བསྒྲགས་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས་པ་དང་། གཉིས་ནི་སྲིད་འཛིན་ཁྲིམས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོའི་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས་པ། གསུམ་ནི་སྲིད་འཛིན་ཁྲིམས་འཛིན་གྱི་གཏན་འབེབས་གལ་ཆེའི་ཁྲིམས་ལུཌ་ཞིབ་བཤེར་ལམ་ལུགས་ཕྱོཌ་ཡོངས་ནས་ཁྱབ་གདལ་གཏོང་དགོས་པ་བཅས་རེད།

    《ལག་བསྟར་ཇུས་གཞིའི》ནང་། སྲིད་འཛིན་ཁྲིམས་འཛིན་གྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་འཛིན་གྱི་གྲངས་གཞིའི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ཏེ། ཁྲིམས་འཛིན་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་དང་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་ནས་སྲིད་འཛིན་ཁྲིམས་འཛིན་དེ་བས་ཚད་ལྡན་དང་། ཁྲིམས་འཛིན་ལྟ་སྐུལ་དེ་བས་གནད་སྨིན། མང་ཚོགས་ལ་དེ་བས་སྟབས་བདེ་ཡོད་པ། སྲིད་གཞུང་གི་བཅོས་སྐྱོང་དེ་བས་ཕན་ནུས་ཆེ་བ་བཅས་ཡོང་བ་བྱེད་དགོས་པ་བསྟན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།