[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤེས་བྱའི་བདག་དབང་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཤེས་བྱའི་བདག་དབང་སྲུང་སྐྱོང་ནན་ཏན་བྱས་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་རྒྱུར”དམིགས་ཏེ། ལྷ་ས་གྲོང་ཁུལ་གྱི་ལམ་དུམ་ཁག་ཏུ་དྲིལ་བསྒྲགས་ས་ཚིགས་བཙུགས་ནས། “འཛམ་གླིང་ཤེས་བྱའི་བདག་དབང་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    གསར་འགོད་པས་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུའི་ལྟེ་གནས་ཀྱི་གཅིག་སྡུད་དྲིལ་བསྒྲགས་ས་ཚིགས་སུ་ལས་དོན་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་གྲོང་མིར་ཤེས་བྱའི་བདག་དབང་དང་ཚོང་རྟགས་ཐོ་འགོད་སོགས་ནང་དོན་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་སྦྲགས། ས་གནས་ས་ཐོག་ནས་དོགས་གནད་སེལ་བཞིན་ཡོད་པ་མཐོང་ཞིང་། གསར་འགོད་པར་ས་གནས་ས་ཐོག་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་གྱི་ས་ཁམས་མཚོན་རྟགས་ཐོན་རྫས་2012ལོའི་1ནས་2019ལོའི་18བར་འཕར་ཡོད་པ་དང་། མིག་སྔར། ལྷ་ས་གྲོང་ཁྱེར་གྱི“སྙེ་མོའི་སྤོས”དང་། “འདམ་གཞུང་གི་འབྲི་གཡག”“ལྷ་སའི་ཀྲོ་མ་ཀྲུ”སོགས་ས་ཁམས་མཚོན་རྟགས་ཐོན་རྫས་18ཐོ་འགོད་ལེགས་འགྲུབ་བྱུང་ཡོད་པ་རེད།

    གསར་འགོད་པ་ལས་དོན་མི་སྣ་དང་མཉམ་དུ་ལྷ་ས་ཚན་རྩལ་གསོ་སྦྱོང་ཡོ་ཆས་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་རྟེན་གཞིའི་གླིང་དུ་བསྐྱོད་ཅིང་། ས་གནས་ས་ཐོག་ཏུ་ཤེས་བྱའི་བདག་དབང་གི་གནད་དོན་ལ་ལན་འདེབས་སྐབས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་མི་སྣས་ཁེ་ལས་ཁག་གི་འཐུས་མིས་བཏོན་པའི་གནད་དོན་ལ་རེ་རེ་བཞིན་འགྲེལ་བཤད་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།