[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“དགུང་སྔོན་2019ལོའི”ཆེད་དོན་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་1ནས་ཟླ་12པའི་ཟླ་མཇུག་བར་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“དགུང་སྔོན་2019ལོའི”ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་འགག་སྒོ་ལས་ཁུངས་ཀྱི“དགུང་སྔོན་2019ལོའི”ཆེད་དོན་བྱ་སྤྱོད་ཀྱིས་གླང་ཆེན་དང་། བསེ་རུ། སྟག ན་གི ཧྲི་མིན་ཉ། རྩ་ཆེའི་ཤིང་རྒྱུ་བཅས་དང་དེ་བཞིན་གཙོད་དང་། གསའ། བྱུ་རུ་དམར་པོ་སོགས་སྟོངས་ལ་ཉེ་བའི་དངོས་རིགས་དང་དེའི་བཟོས་རྫས་ལྐོག་ཚོང་རྒྱག་པའི་གནད་དོན་ལ་གཙོ་གནད་ཐོག་སྣང་འཇོག་བྱེད་པ་དང་། ཟོག་འདྲེན་དང་། ཡུལ་སྐོར་བར་ཞིབ་བཤེར། སྦྲག་ཐོག་བསྐུར་མ། ས་མཚམས་བརྒལ་བའི་ཐད་ཉོ། མཐའ་མཚམས་མི་སེར་གྱི་ཚོང་འདུས་སོགས་ཐབས་ལམ་ལ་གཞིགས་ནས་བརྟག་ཞིབ་དང་། དེ་བཞིན་ལྐོག་ཚོང་གི་ཉེན་ཁ་མཆེད་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད།

    ལྐོག་ཚོང་དང་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་རྡུང་རྡེག་གཏོང་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་མཐའ་མཚམས་ཁྲིམས་འཛིན་སྡེ་ཚན་ཁག་དང་མཉམ་འབྲེལ་ཁྲིམས་འཛིན་གྱི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ་དང་། ལྷ་ས་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུས་མྱུལ་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཆོས་འཛིན་གྲགས་པས། “ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་མཐའ་མཚམས་ཁྲིམས་འཛིན་སྡེ་ཚན་ཁག་དང་མཉམ་འབྲེལ་ཁྲིམས་འཛིན་གྱི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་དེ་མཐའ་མཚམས་འགག་སྒོའི་མཉམ་བཤེར་ཚན་པའི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་བཙུགས་ནས‘ལྐོག་ཚོང་ལ་མཉམ་དུ་རྡུང་རྡེག་གཏོང་བ་དང་ཁོངས་མི་ཡོངས་ཀྱིས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི’རྣམ་པ་ཆགས་པར་བྱས་ཏེ། རང་ལྗོངས་ཀྱིས་ལྐོག་ཚོང་ལ་རྡུང་རྡེག་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།