[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ།

    གྲོང་ཁྱེར་གྱི་གཤེད་མ་དང་ཚལ་ཁྲོམ་གྱི་གཤེད་མ་སོཌ་ཀྱི་ནག་གཤེད་ཕྱོགས་གཏོགས་ལ་གྲལ་བཤེར་གཏིང་ཟབ་བྱེད་དགོས་ཞེས་བསྟན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་2019ལོའི་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག་གི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འདི་ལོའི་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག་ལས་དོན་གྱི་ཇུས་གཞིར་གསལ་འགྲེལ་བྱས་པ་རེད། 

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ཧྲེན་ཕེང་གིས་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག་གི་ཆེད་དོན་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་བྱས་པ་དང་། དམངས་ཡོངས་ཞུགས་རྒྱུའི་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། རྫོང(ཆུས)ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་རིགས་ཁག་གི་ཁྲོམ་རའི་གཙོ་གཉེར་ཚན་པ་དང་། ཁྲོམ་གཞུང་གི་གྲོང་མི། སྒེར་གྱི་ཚོང་ཁང་སོགས་གཙོ་གནད་ཁུལ་དང་གཙོ་གནད་ལས་རིགས་སུ་བསྐྱོད་དེ་མང་ཚོགས་ལ་སྤྱི་ཚོགས་ཀྱི་མངོན་མེད་ལྐོག་འགྱུར་རང་བཞིན་གྱི་ནག་གཤེད་གནད་དོན་ཐེར་འདོན་བྱ་རྒྱུར་ལྕག་སྐུལ་བྱས་ཤིང་། ངན་མཚང་བརྟོལ་བའི་ལས་དོན་ནང་ཚང་མས་མཉམ་དུ་ཞུགས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ད་ཐེངས་ཀྱི་ཚོགས་འདུར། ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག་གི་ལས་དོན་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱི་ནག་སེལ་གཤེད་བཅོམ་དང་ཁྲིམས་འགལ་ལ་རྡུང་རྡེག་དང་ཟང་ཟིང་བཅོས་སྒྲིག་གི་ལས་ཀའི་དམིགས་ཚད་དང་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།