[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • “སྨན་གྱི་བྱུག་རྫས”དང“སྨན་གཞུང་བྱུག་རྫས”སོགས་ཀྱི་མིང་བཏགས་ནས་བྱུག་རྫས་དྲིལ་བསྒྲགས་བྱས་ན་ཁྲིམས་འགལ་གྱི་བྱེད་སྤྱོད་ཁོངས་སུ་ཚུད་ཀྱི་ཡོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    zhoumj950.jpg

    ཉེ་བའི་ལོ་ཤས་རིང་། “སྨན་གྱི་བྱུག་རྫས”བྱུག་རྫས་ཁྲོམ་རར་དར་ཁྱབ་ཆེན་པོ་བྱུང་ཞིང་། 2019ལོའི་ཟླ་1ཚེས་10ཉིན། རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱིས་བྱུག་རྫས་ལྟ་འདོམས་ཀྱི་རྒྱུན་མཐོང་གནད་དོན་ལ་ལན་གསལ་པོ་བརྒྱབ་པ་དང་། ད་ཡོད་ཀྱི་ཁྲིམས་སྲོལ་ནང“སྨན་གྱི་བྱུག་རྫས”ཟེར་བ་མེད་པ་དང་། “སྨན་གྱི་བྱུག་རྫས”དང“སྨན་གཞུང་བྱུག་རྫས”སོགས་ཀྱི་མིང་བཏགས་ནས་བྱུག་རྫས་དྲིལ་བསྒྲགས་བྱས་ན་ཁྲིམས་འགལ་གྱི་བྱེད་སྤྱོད་ཁོངས་སུ་ཚུད་ཀྱི་ཡོད་པ་གསལ་པོར་བཏོན་ཡོད།

    མིག་སྔར། བཀག་རྒྱ་བཏོན་ནས་ཉིན་བརྒྱ་ལྷག་སོང་བ་དང་། “ཤིན་ཧྭ་མཐོང་རྒྱའི”གསར་འགོད་པས་བརྟག་དཔྱད་བྱས་པ་ལས་མངོན་པར། “སྨན་གྱི་བྱུག་རྫས”གྲགས་ཅན་ཐོན་སྐྱེད་དང་ཕྱིར་ཚོང་སྤུས་རྟགས་ཀྱི་སྨན་ཟེར་བའི་ཡི་གེ་དོར་ཡོད་ནའང་། “སྨན་གྱི་བྱུག་རྫས”ཀྱི་མིང་ནས་ཐོན་རྫས་འཚོང་ཐབས་བྱེད་མཁན་གྱི་ཚོང་དུད་སྔར་བཞིན་མང་པོ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།