[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས།

    དམངས་ཕན་ཁྲལ་གཉེར་གྱི་གནད་དོན་ཐག་གཅོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    འདི་ལོའི་ཟླ་7པར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁབ་ཅུས་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་སྒོ་བྱང་བཀལ་བ་ནས་བཟུང་། ཅུས་དེས་ས་གནས་དེ་གའི་ཁྲལ་འཇལ་བའི་རེ་བར་གཞིགས་ནས། “དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད”ཧུར་ཐག་སྤེལ་ཏེ་དམངས་ཕན་ཁྲལ་གཉེར་གྱི་ལས་དོན་ཧུར་ཐག་བསྒྲུབས་ཡོད་པ་རེད།

    ཐབས་ལམ་རྒྱ་ཆེར་གཏོང་བ་དང་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ“དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད”མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ། ཁྲལ་དོན་སྡེ་ཚན་གྱིས་ས་གནས་དེ་གའི་གློག་ཤུགས་དང་། ནུས་རྒྱུ། འགྲིམ་འགྲུལ་སོགས་ལས་རིགས་ཀྱི་ཁྲལ་འཇལ་བ་དང་ཁྲལ་དོན་ཅུས་ཀྱི་ལས་སྒོ་ཁོའོ་ཡི་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་ཁྲལ་དོན་ཅུས་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཁྲལ་འཇལ་བར་2014ལོ་ཚུན་གྱི་གཞིས་རྩེ་གྲོང་ཁྱེར་གྱི་ཁྲལ་དོན་ཁོངས་གཏོགས་ཀྱིས“དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད”གཏིང་ཟབ་སྤེལ་བའི་བྱ་ཐབས་དང་ཕན་འབྲས་དྲིལ་བསྒྲགས་བྱས་པ་དང་། རྒྱ་ཆེའི་ཁྲལ་འཇལ་བས“དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད”ཤེས་རྟོགས་དང་ངོས་འཛིན་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཁྲལ་འཇལ་བའི་ཐོབ་ཚོར་ཆེ་རུ་དང་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད་པ་རེད།

    ས་གནས་དེ་གའི་ཁྲལ་འབབ་དོ་དམ་དང་ཁྲལ་འཇལ་ཞབས་ཞུའི་ལས་དོན་གྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱ་ཆེད། ཁྲལ་འཇལ་བར“བརྟག་དཔྱད་འདྲི་ཤོག”སྤྲོད་པའི་བྱ་ཐབས་བརྒྱུད། ཁྲལ་བསྡུའི་ཐད་ཀྱི་ཁྲལ་འཇལ་བའི་དགོས་མཁོ་དང་ཁྲལ་དོན་ཁོངས་གཏོགས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དང་། ཁྲལ་འབབ“གཉེར་ཚོང་ཁོར་ཡུག”ལེགས་བཅོས། “དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད”སོགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་གྱི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ། ཁྲལ་འཇལ་བའི“སེམས་ཁྲལ”དང་། དོགས་གནད” “དཀའ་གནད”བཅས་ཏན་ཏིག་ངང་བསལ་ཡོད་པ་རེད།

    བོད་ལྗོངས་གློག་རྡུལ་ཁྲལ་དོན་ཅུས་ཀྱི་ཚོད་ལྟ་འཁོར་སྐྱོད་དང་ཁྱབ་སྤེལ་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཟླ་8པའི་ཟླ་དཀྱིལ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་ཁེ་ལས་9ལ་གློག་རྡུལ་ཁྲལ་དོན་ཅུས་གྱི་ལྟ་ཚོད་འཁོར་སྐྱོད་དང“གཅིག་གཏད་གཅིག”གི་གསོ་སྦྱོང་བྱས་པ་དང་འབྲེལ། ཁྲལ་འཇལ་བའི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བྱས་ནས་ཁྲལ་འཇལ་བར་གློག་རྡུལ་ཁྲལ་དོན་ཅུས་ཀྱི་ལྟ་ཚོད་འཁོར་སྐྱོད་དང་ཁྱབ་གདལ་ལས་དོན་གྱི་བསམ་འཆར་དང་འགྲོ་གོས་བསྡུ་ལེན་བྱས་པས། ཁྲལ་འཇལ་བའི་རྒྱབ་སྐྱོར་དང་བསམ་ཤེས་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།