[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་གྱིས།

    “ལྗང་མདོག་སྤྱི་སྤྱོད་རླངས་འཁོར”གྱི་ཤེས་བྱ་སློབ་གླིང་དུ་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    gongrq89595.jpg

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པ་དང་ལྷ་ས་རྗེ་འབུམ་སྒང་སློབ་ཆུང་དུ“ལྗང་མདོག་སྤྱི་སྤྱོད་རླངས་འཁོར”གྱི་ཤེས་བྱ་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་སློབ་ཕྲུག་ཚོས་གྲལ་སྟར་འགྲིག་པོས་ལས་དོན་མི་སྣས་སྤྲད་པའི་དྲིལ་བསྒྲགས་ལག་དེབ་ལེན་པ་དང་ཡ་རབས་ལྡན་པའི་སྒོ་ནས་སྤྱི་སྤྱོད་རླངས་འཁོར་ལ་སྡོད་དགོས་པའི་འབྲེལ་ཡོད་ཤེས་བྱ་དང་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ཚེ་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཕན་ཐོགས་གང་དག་ཡོད་པའི་སྐོར་ཉན་པ་མ་ཟད། ལས་དོན་མི་སྣར་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ལས་ཁོར་ཡུག་ལ་བཟོས་པའི་ཉེན་ཁའི་སྐོར་བཀའ་འདྲི་ཞུས་ཏེ་ཁྱིམ་དུ་ལོག་ནས་ཕ་མར་རླངས་འཁོར་ཉུང་ཙམ་གཏོང་དགོས་ལུགས་ཤོད་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།