[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱིས།

    ཏང་ཡོན(གུང་གཞོན་སྡེ་ཚོགས)གྱི་ཁས་ལེན་དང་དམ་བཅའ་ལག་བསྟར་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    ཏང་ཡོན་གྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ། ཏང་ཡོན་གྱི་འགན་ཁུར་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་ཡིག་ཆའི་བླང་བྱ་གཞིར་བཟུང་། ཉེ་ཆར། མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱིས་ཏང་ཡོན(གུང་གཞོན་སྡེ་ཚོགས)གྱི་ཁས་ལེན་དང་དམ་བཅའ་ལག་བསྟར་གྱི་བྱེད་སྒོ་སྤེལ་ཏེ་རྒྱལ་ཁྲལ་དང་ས་ཁྲལ་བསྡུ་བ་དང་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བའི་དམིགས་ཡུལ་བསྒྲུབས་ཡོད་པ་རེད།

    བྱེད་སྒོ་སྤེལ་རིང་། དང་ཐོག་ས་ཁུལ་ཁྲལ་དོན་ཅུས་ལས་ཁུངས་ཏང་ཨུད་གཞུང་ལས་ཁང་གི་འགན་འཁུར་མི་སྣས《རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་བརྒྱུད་བསྐུར་བྱས་པའི་རྒྱལ་ཁྲལ་དང་ས་ཁྲལ་བསྡུ་བ་དང་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་བྱེད་རིང་ཏང་ཡོན་གྱི་ཁས་ལེན་དང་དམ་བཅའ་ལག་བསྟར་གྱི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཨུ་ཡོན་ལྷན་ཁང་གི་བརྡ་ཐོའི》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དེ་རྗེས་འབྲེལ་ཡོད་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཁས་ལེན་ཡི་གེ་སྒྲོག་སྦྱངས་བྱས་པ་དང་ཏང་ཡོན(གུང་གཞོན་སྡེ་ཚོགས)གྱི་འཐུས་མིས་ཁས་ལེན་གྱི་རྣམ་འགྱུར་བསྟན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།