[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷོ་ཁ་གྲོང་ཁྱེར་གྱི།

    “ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

     2016ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་ཆད་མེད་པར་ཁྲིམས་ལུགས་ཁྱབ་གདལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། ལས་དོན་སྒྲུབ་ཐབས་གསར་གཏོད། ལས་དོན་སྒྲུབ་ཐབས་དོན་འཁྱོལ་བཅས་བྱས་པས“ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    མ་ལག་འཛུགས་སྐྱོང་ལ་དམ་པོར་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་ལ་དམ་འཛིན་དང་། འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྐུལ་འདེད། གྲོང་ཁྱེར་དེས་སྔ་སྣུར་དུ་གྲོང་ཁྱེར་དང་རྫོང་ཆུས་ཀྱི་སྔོན་ལ“ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་སྒྲིག་གཞི་དང་། འགྲོ་གྲོན་འགན་ལེན་གྱི་ལམ་སྲོལ་བཙུགས་པ་དང་ཆབས་ཅིག 2018ལོ་ནས་བཟུང་། ཆ་སྙོམས་མི་རེར་སྒོར་1.5ཡི་འཆར་གཞི་ལྟར་ཁྲིམས་ལུགས་ཁྱབ་གདལ་གྱི་ཆེད་སྤྱོད་གྲོན་དངུལ་དོན་འཁྱོལ་བྱས་པ་རེད།

    གཙོ་གནད་ཁ་གཏད་ལ་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་ལ་དམ་འཛིན་དང་རྩ་བ་བརྟན་དུ་བཏང་ནས་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་བཏང་བ། རྩ་ཁྲིམས་དང་བཅའ་ཁྲིམས་སློབ་སྦྱོང་བྱ་རྒྱུ་དེ་རིམ་ཁག་ཏང་ཨུད(ཏང་ཙུའུ)ལྟེ་གནས་ཚོགས་ཆུང་གི་ལོ་འཁོར་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་པ་དང་། གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་གཙོ་བོར་བཞག་ནས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་དུག་འགོག་ཤེས་བྱ་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཐེངས་18སྤེལ་བས་མི་ཁྲི་5ལ་སློབ་གསོ་ཐེབས་ཡོད་པ་རེད། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དེ་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྨོངས་དད་སེལ་བ། ཚན་རིག་གོང་དུ་བཀུར་བའི་སློབ་གསོ་བཅས་དང་ཟུང་འབྲེལ་བྱས་ཏེ་ཁྱིམ་ཚང་སློབ་གསོའི་ཤེས་བྱའི་འཆད་འཁྲིད་གཉེར་བ། དགོན་སྡེའི་གྲྭ་བཙུན་གྱི་ཁྲིམས་སྐྱོང་སློབ་གསོ་གཙོ་གནད་དུ་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་དགོན་སྡོད་ལས་བྱེད་པ་663དང་སྒྲིག་ཁོངས་སུ་ཚུད་པའི་ཆོས་ལུགས་ལས་དོན་མི་སྣ་1643ལ་བཅའ་ཁྲིམས་ཤེས་བྱའི་ཡིག་རྒྱུགས་བཏང་བ་རེད།

    བརྗོད་དོན་གཙོ་བོའི་སློབ་གསོར་དམ་པོར་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་ལ་དམ་འཛིན་དང་ཁྲིམས་ལུགས་ཁྱབ་གདལ་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་པ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་བསྟུན་ནས་རིགས་ཁག་གི་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་ཐེངས་384གཉེར་བ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཅ་དངོས་ཁྲི་11.86སྤྲད་པར་བརྟེན་མི་ཁྲི་13.55ལ་སློབ་གསོ་ཐེབས་ཡོད་པ་རེད།

    དམིགས་ཚད་དང་དཔྱད་ཞིབ་ནན་དུ་བཏང་ནས་ཁྲིམས་ལུགས་ཁྱབ་གདལ་ལ་དམ་འཛིན་དང་དམིགས་ཚད་ཀྱི་ངེས་གནས་དང་འགན་འཁྲི་གསལ་དུ་བཏང་ཞིང་། དཔྱད་ཞིབ་ཀྱི་ཚད་གཞི་དང་གཙོ་གནད་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་བཅས་ཞིབ་ཚགས་སུ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་ལ་ཞིབ་བཤེར་ཐེངས་5བྱས་ཡོད་པ་རེད།

    བཀྲག་མདངས་འཚེར་ས་མངོན་པ་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་ལ་དམ་འཛིན་དང་ཁྲིམས་ལུགས་ཁྱབ་གདལ་གནད་སྨིན་ཡོང་བའི་ཐོག་ནས་གསར་གཏོད་ལ་སྐུལ་འདེད་བཏང་ཞིང་། ཁྲིམས་སྐྱོང་སྤྱོད་གཙང་གི་རིག་གནས་ཧུར་ཐག་གཏོད་པ་དང་གྲོང་ཁྱེར་དེ་ཡོངས་ཀྱི་མི་9271“དྲ་ཐོག་སྲིད་གཙང་སློབ་གསོའི”ཡིག་རྒྱུགས་ལ་ཞུགས་ཡོད། ཚད་ལྡན་ཅན་གྱི“ཁྲལ་འཇལ་བའི”སློབ་གྲྭ་དང་། གྲོང་ཁྱེར་རིམ་པའི“སྤྱོད་གཙང་རྟེན་གཞི” གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི། ལྷོ་ཁ་གྲོང་ཁྱེར་གྱི་ཁྲིམས་སྐྱོང་རིག་གནས་ཐང་ཆེན་བཅས་བསྐྲུན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།