[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས།

    “གློད་སྡོམ་ཞབས་གསུམ”དོན་འཁྱོལ་བྱས་ནས་འགྲིམ་འགྲུལ་དོ་དམ་ཞབས་འདེགས་སྟབས་བདེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-25

    ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཞབས་འདེགས་སྟབས་བདེར་གཏོང་བའི་ལས་དོན་ཡག་པོ་སྒྲུབ་ཆེད། འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལས་དོན་གནས་བབ་གལ་ཆེན་ལ་བཞག་སྟེ་ལས་ཀའི་དཔྱད་གཞི་ཉུང་དུ་གཏོང་བ་དང་། ལས་ཀའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། དྲ་ཐོག་ཞབས་འདེགས་ཧུར་ཐགཞུ་བ། དམངས་ཕན་དང་དམངས་བདེར་མཐོང་ཆེན་བཅས་བྱས་ནས“གློད་སྡོམ་ཞབས་གསུམ”ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ་པ་བྱས་པས། ལས་ཀར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    འདུན་ཞུའི་དཔྱད་གཞི་ཉུང་དུ་བཏང་ཡོད།

    འདུན་ཞུའི་དཔྱད་གཞི་ཉུང་དུ་བཏང་བའི་ཁྲོད་པར་སློག་རྒྱག་མི་དགོས་པ་དང་རེའུ་མིག་རྒྱོང་མི་དགོས་པ་སོགས་ཚུད་ཡོད།

    འདུན་ཞུའི་དཔྱད་གཞི་དྲ་བ་ནས་ཞིབ་དཔྱད་བྱེད་པར་སྐུལ་འདེད་བཏང་ཡོད།

    སྟབས་བདེའི་ལས་སྒོ་ཐོབ་ཐང་ལག་ཁྱེར་གཅིག་པུས་གཉེར་ཐུབ་ཀྱི་ཡོད་ཅིང་། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ལག་ཁྱེར་གསབ་གཉེར་དང་བརྗེ་བ་སོགས་འཁོར་རིགས་དོ་དམ་ལས་སྒོ་རིགས་18ཚང་མ་གྲོང་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་ན་གཉེར་ཐུབ་པ་བཟོས་ཡོད།

    ཁྱད་ཆོས་ལྡན་པའི་རང་བརྟེན་མྱུར་སྒྲུབ་ཞབས་འདེགས་ཁུལ་བསྐྲུན་ཟིན་ཡོད། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འཁོར་རིགས་དོ་དམ་གྱི་རང་བརྟེན་ཞབས་ཞུའི་འཕྲུལ་ཆས་2དང་རང་བརྟེན་ཨང་ཀི་འདེམས་པའི་འཕྲུལ་ཆས་1སྒྲིག་སྦྱོར་བྱས་ཡོད།

    དྲ་ཐོག་ཞབས་ཞུའི་ཁྱབ་ཁྱོན་ཆེ་རུ་བཏང་ཡོད།

    “ཉེན་རྟོག་དང་འགན་བཅོལ་ཀུང་སི་མཉམ་སྒུལ”གྱི་ལམ་སྲོལ་ལ་སྐུལ་འདེད་བཏང་ཡོད།

    ཁ་ལོ་བའི་ལག་ཁྱེར་ཞིང་ཆེན་ཁོངས་ཀྱི་ས་ཆ་གཞན་ནས་ལེན་རྒྱུར་སྟབས་བདེ་བསྐྲུན་ཡོད།

    གྲོང་གསེབ་ཀྱི་འགྲིམ་འགྲུལ་དོ་དམ་ཞབས་ཞུ་རྒྱ་ཆེར་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྣང་རྫོང་དང་སྤོ་བོ་རྫོང་སོགས་རྫོང་རིམ་པའི་འཁོར་རིགས་དོ་དམ་སུའོ་གང་ལེགས་སྤྱད་ནས་རྫོང་དང་ཤང་གི་མང་ཚོགས་ཉེ་འགྲམ་ནས་འཁོར་རྟགས་བསྒར་བ་དང་། ལག་ཁྱེར་ལེན་པ། ལས་སྒོ་གཞན་དག་སྒྲུབ་པ་སོགས་ལ་སྟབས་བདེ་བསྐྲུན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།