[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉོ་ཚོང་གི་གན་རྒྱ་བཞག་མོད་སྒལ་རལ་བཙོངས་ནས་ཟོག་རིན་མི་སྤྲོད་པ།

    ​ ཁྲིམས་ཁང་གིས་ཁྲིམས་ལྟར་ལག་བསྟར་གྱོད་དངུལ་སྒོར་ཁྲི་3.3འཐེན་ནས་རེ་འདུན་ཞུ་མཁན་ལ་སྤྲད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-25

     ཉེ་ཆར། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་དངུལ་ཁང་དུ་ཆུ་ཚོད་གཉིས་ལྷག་ཙམ་འབད་བརྩོན་བྱས་པ་དང་འབྲེལ་དངུལ་ཁང་གི་ལས་དོན་མི་སྣའི་གཞོགས་འདེགས་འོག་ལག་བསྟར་བྱ་ཡུལ་གྱི་སྒོར་ཁྲི་3.3འཐེན་རྗེས་གྱོད་དངུལ་དེ་དག་རེ་འདུན་ཞུ་མཁན་གྱི་ཐོ་ཁོངས་སུ་བསྒྱུར་བ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2015ལོའི་ལོ་མཇུག་ཏུ་རེ་འདུན་ཞུ་མཁན་རྣམ་ཆེ་གེ་མོ་དང་ལག་བསྟར་བ་ཚེ་ཆེ་གེ་མོ་དབར་ཉོ་ཚོང་གི་གན་རྒྱ་བཞག་རྗེས་ཚེ་ཆེ་གེ་མོས་ཟོག་དངུལ་མ་སྤྲད་སྟབས་རྣམ་ཆེ་གེ་མོས་ཚེ་ཆེ་གེ་མོ་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་དང་ཞུ་གཏུག་ཐོབ་ནའང་ཚེ་ཆེ་གེ་མོས་སྔར་བཞིན་དངུལ་དེ་དག་མ་སྤྲད་སྟབས། རྣམ་ཆེ་གེ་མོས་བཙན་ཤེད་ངང་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུས། དེ་རྗེས་ལག་བསྟར་ལས་བྱེད་ཉེན་རྟོག་པས་ལག་བསྟར་བྱ་ཡུལ་ལ་སྐོང་འདྲི་བྱས་པ་དང་ཞིབ་བཤེར་བྱས་པ་བརྒྱུད་ཚེ་ཆེ་གེ་མོའི་མིང་འོག་ཏུ་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་མེད་པ་ཤེས་རྗེས་བཅའ་ཁྲིམས་ཀྱི་བརྒྱུད་རིམ་ལྟར་ཚེ་ཆེ་གེ་མོར་འཛད་སྤྱོད་མཐོ་པོ་བྱེད་པར་ཚོད་འཛིན་བྱེད་པ་སོགས་ཀྱི་བཙན་ཤེད་བྱེད་ཐབས་སྤྱད་པ་དང་ཁྲིམས་ལྟར་ཚེ་ཆེ་གེ་མོའི་དངུལ་ཁང་གི་ཐོ་ཁོངས་བསྡམས་བཅད་བྱས་ཏེ་གྱོད་གཞི་དེ་གྱོད་མཇུག་བསྒྲིལ་ནས་ལག་བསྟར་ཐག་གཅོད་བྱས་པ་རེད།

    ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་ཁྲིམས་ལྟར་དངུལ་ཁང་གི་ཐོ་ཁོངས་བསྡམས་བཅད་བྱས་ཏེ་ལོ་གཉིས་སོང་རྗེས་ཐོ་ཁོངས་དེའི་བཀག་རྒྱ་རང་འགུལ་ངང་གློད་སྲིད་ཅེས་ངོ་སྤྲོད་བྱས་པ་དང་ཚེ་ཆེ་གེ་མོའི་ཐོ་ཁོངས་བསྡམས་བཅད་བྱས་རྗེས་ཚེ་གེ་ཆེ་མོའི་ཐོ་ཁོངས་ནང་གི་བཅོལ་དངུལ་སྒོར་ཁྲི་10ལྷག་ཙམ་ཡོད་པ་དེ་དག་གསང་ཐུབ་རྒྱུ་རེད་སྙམ་མོད། འོན་ཀྱང་ལས་བྱེད་ཉེན་རྟོག་པས་ལག་བསྟར་འཚོལ་བཤེར་མ་ལག་བརྒྱུད་གསལ་གསལ་ཐིང་ཐིང་ཤེས་པ་རེད།

    གནས་ཚུལ་ཁོང་དུ་ཆུད་རྗེས་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་འཕྲལ་མར་ལག་བསྟར་གཞོགས་འདེགས་བརྡ་ཐོ་འཁྱེར་ནས་ཟླ་8ཚེས་21ཉིན་གྱི་སྔ་དྲོ་ཚེ་གེ་མོའི་ཐོ་ཁོངས་གཉེར་ཡུལ་དངུལ་ཁང་དུ་ཕྱིན་ནས་ལག་བསྟར་གྱོད་དངུལ་སྒོར་ཁྲི་3.3འཐེན་པ་དང་ཉིན་དེའི་ཕྱི་དྲོ་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་ལག་བསྟར་ཐུབ་པའི་དངུལ་དེ་དག་རེ་འདུན་ཞུ་མཁན་རྣམ་ཆེ་གེ་མོར་བསྒྱུར་བ་རེད། རྣམ་ཆེ་གེ་མོར་དངུལ་འབྱོར་རྗེས“ཞུ་གཏུག་བྱས་ནས་ལོ་གཉིས་ལྷག་ཙམ་ཕྱིན་སོང་། ཁྲིམས་ཁང་གིས་ངའི་དོན་དེ་ད་དུང་སེམས་ལ་བཞག་པ་བསམ་ཡུལ་ལས་འདས་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་བཞིན་དུ་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།