[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ​ བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-25

    ཉེ་དུས། གངས་ལྗོངས་ས་མཐོར་བཅའ་སྡོད་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་ཁྲོད་དཔོན་དམག་ཚོས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། པར་རིས་འགྲེམས་སྟོན་བྱེད་པ། དྲིལ་བསྒྲགས་ལག་དེབ་སྤྲོད་པ། འགྲོ་འོང་བྱེད་མཁན་མང་ཚོགས་ལ《རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་པ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་རྒྱལ་སྲུང་འདུ་ཤེས་བརྟན་པོ་བཙུགས་ནས་རང་རྟོགས་ངང་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་བཏང་སྟེ་བོད་ལྗོངས་སྤྱི་བདེ་མཐའ་སྲུང་གི་ལས་དོན་ལ་སེམས་ཁུར་དང་། རྒྱབ་སྐྱོར། བསམ་ཤེས་བཅས་ཧུར་ཐག་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།

    zengfg89103_b.jpg

    བྱེད་སྒོ་སྤེལ་རིང་། དཔོན་དམག་ཚོས་ཉེ་འགྲམ་གྱི་མི་དང་བྱ་བ་བརྒྱུད་མང་ཚོགས་ལ་རྒྱལ་སྲུང་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་བྱས་པ་དང་བོད་ལྗོངས་སྤྱི་བདེ་མཐའ་སྲུང་དཔུང་སྡེས་ཁུར་བའི་ལས་འགན་དང་འགན་འཁྲི་གསལ་འགྲེལ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་སྤྱི་ཁྱབ་རུ་ཁག་དེས་དྲིལ་བསྒྲགས་ལག་དེབ་200ལྷག་ཙམ་སྤྲད་ནས་མང་ཚོགས་ལ་མཐའ་སྲུང་དང་འབྲེལ་བའི་བཅའ་ཁྲིམས་གནད་དོན་6ལ་ལན་བཏབ་ཅིང་།འདི་ནི་དཔོན་དམག་གིས་མང་ཚོགས་ལ་རྒྱལ་སྲུང་འཛུགས་སྐྱོང་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།