[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་གཅུན་འདོམས་ཁང་གིས།

    ​ ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

     ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་གི་བླང་བྱ་སྔར་བས་དོན་འཁྱོལ་བྱ་ཆེད། ཉེ་ཆར། བོད་ལྗོངས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་གཅུན་འདོམས་ཁང་གིས་2018ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ལྗོངས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་གཅུན་འདོམས་ཁང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དང་དུས་རབས་གསར་པའི་བཙོན་ཁང་གི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས་ཚད་ལྡན་ཅན་གྱི་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད། ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་རྩའི་འཛུགས་སྐྱོང་གལ་ཆེན་ཞིག་ལ་བརྩི་བ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུ”དེ་ལྟེ་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་གནད་ལ་བརྩིས་ནས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་གཏིང་ཟབ་དང་སྲ་བརྟན་དུ་ཡག་པོ་གཏོང་བ་དང་། ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ། གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད། ཏང་ཡོན་གྱི་འགན་འཁྲིའི་སེམས་པ་དང་། གཟི་བརྗིད་ཀྱི་སེམས་པ། ལས་འགན་སྒྲུབ་སེམས། ཁོངས་སུ་གཏོགས་སེམས་བཅས་ཆེ་རུ་བཏང་སྟེ་ཧུར་བརྩོན་ཡར་ཐོན་དང་བྱ་བ་མཉམ་སྒྲུབ་ཀྱི་རྣམ་པ་ཡག་པོ་ཞིག་ཧུར་ཐག་བཏོད་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི“འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་བྱས་ཏེ་འགན་འཁྲིའི་ངེས་གནས་ཁ་གསལ་བཟོ་བ་དང་། ཞིབ་ཕྲའི་ལས་བགོས་ཁ་གསལ་རྒྱག་པ། རང་འགན་རང་འཁུར་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་ཡག་པོ་ཞིག་ཏན་ཏིག་ངང་ཆགས་པར་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ཏན་ཏིག་ངང་དམ་འཛིན་བྱས་ཡོད། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བཙོན་ཁང་གི་ལས་དོན་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་གཅུན་འདོམས་ཁང་གི་བདེ་འཇགས་བརྟན་ལྷིང་ཡོང་བ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།