[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས།

    སློབ་གྲྭའི་འགྲིམ་འགྲུལ་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    yuanhx83151.jpg

    འདི་ནི་སྣ་དཀར་རྩེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སློབ་མ་སྲུང་བའི་ལས་གནས་བཙུགས་ནས་སློབ་མའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་གནས་ཚུལ་ཡིན་པ།

    སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ལ་འགན་ལེན་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་འཛོལ་མ་ཐོན་སྔོན་འགོག་བྱ་ཆེད། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱ་ཆེའི་དགེ་སློབ་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་རེད།

    མི་དམངས་ཉེན་རྟོག་པ་ཚོས་སློབ་གྲྭ་ཚུགས་སྐབས་འགྲིམ་འགྲུལ་ལས་དོན་ཡག་པོ་བསྒྲུབས་པའི་དེ་སྔའི་ཉམས་མྱོང་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྔ་སྣུར་དུ་ཞིབ་འཇུག་དང་སློབ་གྲྭའི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆའི་ལྷུ་ཚིགས་གསེད་བཀྲོལ་ཞིབ་ཚགས་བྱས་ནས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་བསམ་འཆར་དང་བྱེད་ཐབས་ཆགས་པར་བྱས་ཏེ“སློབ་མ་སྲུང་བའི་ལས་གནས”དང་སློབ་གྲྭའི་ཉེ་འཁོར་གྱི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་ལས་སྒྲུབ་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ནུས་ཤུགས་ཡོད་རྒུས་སློབ་གྲྭའི་མཐའ་འཁོར་གྱི་འགྲིམ་འགྲུལ་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།