[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།

    སྲིད་ཁྲིམས་བུད་མེད་ལས་བྱེད་ཉེན་རྟོག་དང་དཀའ་ངལ་ཡོད་པའི་བུད་མེད་ལ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    WX0305P01.jpg

    འདི་ནི་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཚམས་འདྲི་ཚོགས་པ་དང་བཅས་པས་པེ་ཅིང་ནུབ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་མི་སྣ་དང་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་གནས་ཀྱི་ལས་དོན་སྤེལ་ཚུལ་སྐོར་གླེང་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཧྲེ་དབྱིང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣའི་སྣེ་ཁྲིད་དེ་ཁང་དེའི་ཏང་ཙུའི་ཚབ་ཞུས་ནས་པེ་ཅིང་ནུབ་ལམ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། ཁྲིམས་འཛིན་ཐིང་། ཐང་ཆེན་ཨ་ཅག་གི་གཅེས་སེམས་ཞབས་ཞུ་རུ་ཁག(ཀླུ་ཁང་སྤྱི་གླིང) གཙང་རལ་བྱང་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། རྨེ་རུ་སྡེ་ཁུལ། རྗེ་འབུམ་སྒང་སྡེ་ཁུལ། བདེ་སྐྱིད་སྡེ་ཁུལ་བཅས་ཀྱི་་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་བུད་མེད་ལས་བྱེད་ཉེན་རྟོག་པ་དང་། ཁྲིམས་འཛིན་ཐིང་གི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་འདས་པོའི་བཟའ་ཟླ། སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་བུད་མེད་བཅས་ལ་འཚམས་འདྲི་བྱས་པ་དང་འབྲེལ། ཁོང་ཚོར་འཚམས་འདྲིའི་དངུལ་སྤྲད་ནས་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་དོ་ཁུར་གནང་ལུགས་མཚོན་པར་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་སྣེ་ཁྲིད་དེ་འབྱུང་རྩ་ནས་ཁེ་དབང་ལ་སྲུང་སྐྱོང་དང་། བཅའ་ཁྲིམས་དྲིལ་བསྒྲགས། ལམ་སྲོལ་འཛུགས་སྐྱོང་སོགས་གཞི་འཛིན་སར་བྱས་ཏེ་འཚོལ་ཞིབ་ཧུར་ཐག་དང་། རྒྱུན་ཆད་མེད་པར་གསར་གཏོད། ལམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བཅས་བྱས་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་ལྔའི་ཡིག་བསྐུར་ངོ་བཅར་དྲ་བ་དང་། “བུད་མེད་ཀྱི་ཁྱིམ་གཞིས”ཁེ་དབང་སྲུང་སྐྱོང་ཁ་པར། ཁེ་དབང་སྲུང་སྐྱོང་ལས་གནས། ཁེ་དབང་སྲུང་སྐྱོང་མཉམ་གྲོས་ཁྲིམས་ར། བུད་མེད་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སོགས་གཞི་རིམ་ཁེ་དབང་སྲུང་སྐྱོང་གི་གཡུལ་ས་བསྐྲུན་ཡོད། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱ་སྤྱོད་དོན་འཁྱོལ་བྱས་པ་བརྒྱུད། སྟབས་བདེ་ལ་ནུས་པ་ཆེ་བའི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་དེ་བུད་མེད་དང་བྱིས་པར་ཁྱབ་པ་བྱས་ནས་བོད་ཀྱི་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།