[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ལས་ཁུངས་ཀྱིས།

    “ས་ཚིགས་གཉིས་དང་མི་སྣ་གཉིས”དང་མཉམ་དུ་འགྲིམ་འགྲུལ་ཁ་ཏའི་སློབ་སྟོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

     ཉིན་ཤས་བསྟུད་མའི་རིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་དང་ཁོངས་གཏོགས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་གྲོང་གསེབ་འགྲིམ་འགྲུལ་བདེ་འཇགས་ཁ་ཏའི་སློབ་སྟོན་ས་ཚིགས་10སྒྲིག་འཛུགས་བྱས་ཏེ་དུས་ཡུན་ཉིན་ལྔའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་རིགས་བཅོས་སྒྲིག་དང་བདེ་འཇགས་ཕྱིར་སྐྱོད་ཀྱི་ཁ་ཏའི་སློབ་སྟོན་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། “ས་ཚིགས་གཉིས་དང་མི་སྣ་གཉིས”གང་ལེགས་སྤྱད་པའི་ཁར། ཉེན་རྟོག་པ་དང་འགྲིམ་འགྲུལ་ཁ་ཏའི་སློབ་སྟོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཐུན་མོང་ལས་སྒྲུབ་དང་། ལས་བགོས་མཉམ་ལས། ཕན་ཚུན་གཞོགས་འདེགས་བཅས་ཀྱི་རྣམ་པར་བརྟེན་ནས་འགྲིམ་འགྲུལ་ཁྲིམས་འགལ་རིགས་དྲིལ་བསྒྲགས་དང་། སློབ་གསོ། ཁ་ཏའི་སློབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་སྦྲགས། ཁོངས་གཏོགས་ཁུལ་གྱི་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། ལག་ཁྱེར་མེད་པར་འཁོར་གཏོང་སོགས་ཁྲིམས་འགལ་བྱ་སྤྱོད་ཐོན་པའི་ཆོས་ཉིད་དང་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཚན་བཤེར་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་ནས་རྡུང་རྡེག་གཏོང་ཤུགས་ཆེ་རུ་དང་གནད་ལ་འཁེལ་ཚད་མཐོ་རུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།