[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས།

    “དུས་ཆེན་གཉིས”རིང་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་4620མི་ཕོག་པ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-06

    2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་མཐོ་ཚད་ཐོག་ནས“དུས་ཆེན་གཉིས”རིང་ཁྲོམ་ར་དར་རྒྱས་དང་བརྟན་ལྷིང་དང“དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོ་ཞི་མཐུན་དང་གོ་རིམ་ལྡན་པའི་ངང་སྤེལ་བའི་དམིགས་ཚད་འགན་ལེན་གྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ། ཁྱབ་ཁོངས་གཙོ་བོར་ཚོང་ཟོག་དང་ཞབས་ཞུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་12315ཞུ་གཏུག་གི་ཐབས་ལམ་བསྐྲུན་ནས་དུས་ཆེན་རིང་གི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱས་པ་མ་ཟད། ལྷག་དོན་དུ་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་རེད།

    “དུས་ཆེན་གཉིས”རིང་ཞུ་གཏུག་དང་། ཐེར་འདོན་གོང་ཞུ། བློ་འདྲི་བཅས་ཀྱི་གནད་དོན་102བདག་སྤྲོད་བྱས་པ།

    རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་12315ཞུ་གཏུག་དང་ཐེར་འདོན་གོང་ཞུའི་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི“དུས་ཆེན་གཉིས”རིང་སྟེ་ཟླ་2ཚེས་15ནས་24ཉིན་བར་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་12315ཞུ་གཏུག་དང་ཐེར་འདོན་གོང་ཞུའི་བཀོད་འདོམས་ལྟེ་གནས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་དང་། ཐེར་འདོན་གོང་ཞུ། བློ་འདྲི་བཅས་ཀྱི་ཁ་པར་102བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་28.17%ཆག་པ་ལས་ཞུ་གཏུག་ཁ་པར་20ཡོད་པ་དེས་བསྡོམས་འབོར་གྱི་19.5%བཟུང་བ་དང་། ཐེར་འདོན་གོང་ཞུའི་ཁ་པར་6ཡོད་པ་དེས་བསྡོམས་འབོར་གྱི་5.5%བཟུང་བ། བློ་འདྲི་རིགས་76ཡོད་པ་དེས་བསྡོམས་འབོར་གྱི་75%བཟུང་ཡོད་པ་རེད། རིམ་རྩིས་བྱས་ན་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་4620མི་ཕོག་པ་བྱས་པ་རེད།

    ཞུ་གཏུག་བདག་སྤྲོད་ཀྱི་གནས་ཚུལ་སྐོར་གླེང་ན། “དུས་ཆེན་གཉིས”རིང་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་12315ཞུ་གཏུག་དང་ཐེར་འདོན་གོང་ཞུའི་ལྟེ་གནས་ཀྱིས་ཁྱོན་འཛད་སྤྱོད་པའི་ཞུ་གཏུག་སྣ་ཚོགས་20བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་40%ཆག་པ་ལས་ཚོང་ཟོག་གི་འཛད་སྤྱོད་ཞུ་གཏུག་རིགས་11ཡོད་པ་དེས་ཞུ་གཏུག་བསྡོམས་འབོར་གྱི་55%བཟུང་བ་དང་ཞབས་ཞུའི་འཛད་སྤྱོད་ཀྱི་ཞུ་གཏུག་རིགས་9ཡོད་པ་དེས་ཞུ་གཏུག་བསྡོམས་འབོར་གྱི་45%བཟུང་ཡོད་པ་རེད། མིག་སྔའི་བར་ཞུ་གཏུག་རིགས་8ཐག་གཅོད་ཟིན་པ་རེད།

    འཛད་སྤྱོད་པའི་ཞུ་གཏུག་རིགས་20ཡི་ཁྲོད་ཚོང་ཟོག་འཛད་སྤྱོད་ཀྱི་ཞུ་གཏུག་རིགས་11ཡོད་པ་དེ་དུས་མཚུངས་ལས་15%ཆག་པ་དང་དེ་གཙོ་བོ་ཚོང་ཟོག་གི་སྤུས་ཚད་དང་བཙོངས་རྗེས་ཀྱི་ཞབས་ཞུའི་རྩོད་གཞིའི་ཐོག་གཅིག་སྡུད་བྱས་ཡོད་པ་ལས་མང་ཆེ་བ་རྒྱན་ཆ་དང་དེ་བཞིན་བཟོ་རྩལ་ཐོན་རྫས་ཀྱི་ཞུ་གཏུག་ཡིན་པ་དང་ཁྱོན་ཞུ་གཏུག་རིགས་4ཡོད་པ་དེས་36.3%བཟུང་བ་དང་། གྱོན་ཆས་དང་ལྷམ་སོགས་ཀྱི་རིགས་3ཡོད་པ་དེས་27.27%བཟུང་བ། འཕྲིན་གཏོང་ཡོ་ཆས་ཀྱི་རིགས་2ཡོད་པ་དེས་18.18%བཟུང་བ། དེ་མིན་ཁྱིམ་སྤྱོད་གློག་ཆས་ཀྱི་རིགས་1ཡོད་པ་དེས་9.09%བཟུང་བ་དང་རླངས་འཁོར་གྱི་ཞུ་གཏུག་རིགས་1ཡོད་པ་དེས་9.09%བཟུང་བ་བཅས་རེད།

    དེ་མིན་གྱི་ཞུ་གཏུག་ཁག་9ནི་ཞབས་ཞུའི་རིགས་ཀྱི་ཞུ་གཏུག་ཡིན་པ་དེ་དུས་མཚུངས་ལས་47%ཆག་པ་དེ་གཙོ་བོ་ཞབས་ཞུའི་སྤུས་ཚད་ཡག་པོ་མེད་པ་དང་ཚོང་ཟོག་གི“འགན་ལེན་གསུམ”གྱི་གཏན་འབེབས་ལ་གཞིགས་ནས་ཐག་གཅོད་མ་བྱས་པ་ཡིན་པ་རེད། ཞག་སྡོད་ཀྱི་ཞབས་ཞུའི་རིགས་4ཡོད་པ་དེས་44.44%བཟུང་བ་དང་། ཉམས་བཟོའི་ཞབས་ཞུའི་རིགས་2ཡོད་པ་དེས་22.22%བཟུང་བ། དེ་མིན་ཞབས་ཞུའི(འགྲུལ་སྐྱེལ་རླངས་འཁོར་གྱི་སྤ་སེ་མངག་ཉོ་ཕྱིར་འཐེན)རིཌ་1ཡོད་པ་དེས་11.11%བཟུང་བ། རོལ་རྩེད་ཞབས་ཞུའི་རིཌ་1ཡོད་པ་དེས་11.11%བཟུང་བ། འཕྲིན་གཏོང་ཞབས་ཞུའི་རིཌ་1ཡོད་པ་དེས་11.11%བཟུང་བ་བཅས་རེད་ཅེས་འགན་ཁུར་བ་དེས་བཤད།

    འཛད་སྤྱོད་པའི་ལྟ་བར་འགྱུར་ལྡོག་ཆེན་པོ་བྱུང་ནས་ཚུལ་མཐུན་ངང་འཛད་སྤྱོད་བྱ་རྒྱུ་དེ་རིམ་བཞིན་ཐུན་མོང་གི་བསམ་ཚུལ་དུ་གྱུར་པ།

    ཐེར་འདོན་བདག་སྤྲོད་ཀྱི་གནས་ཚུལ་སྐོར་གླེང་ན། “དུས་ཆེན་གཉིས”རིང་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་12315ཞུ་གཏུག་དང་ཐེར་འདོན་གོང་ཞུའི་ལྟེ་གནས་ཀྱིས་ཁྱོན་འཛད་སྤྱོད་པའི་ཐེར་འདོན་གོང་ཞུ་སྣ་ཚོགས་6བདག་སྤྲོད་བྱས་པ་ལས་4གྱོད་ཐག་བཅད་ཟིན་པ་དང་2བདག་སྤྲོད་བྱེད་བཞིན་ཡོད་པ་དེ་དུས་མཚུངས་ལས་14.29%ཆག་ཡོད། “དུས་ཆེན་གཉིས”རིང་གི་བཟའ་འཐུང་དང་། ཞག་སྡོད། སྒོ་ངའི་བག་ལེབ་ཚོང་ཁང་སོགས་ཞབས་ཞུའི་ལས་རིཌ་ཀྱིས《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ནས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བཏང་བ་དང་ཚོང་ཁང་གི་ཞབས་ཞུའི་རྣམ་འགྱུར་ཡག་པོ་མེད་པ་སོགས་དང་འབྲེལ་བ་ཡོད་པ་རེད།

    བློ་འདྲི་བདག་སྤྲོད་ཀྱི་གནས་ཚུལ་སྐོར་གླེང་ན། “དུས་ཆེན་གཉིས”རིང་ཁྱོན་འཛད་སྤྱོད་པའི་བློ་འདྲི་76བདག་སྤྲོད་བྱས་པ་དེ་གཙོ་བོ་ཕྱོགས་གཉིས་ཐད་གཅིག་སྡུད་བྱས་པ་སྟེ། གཅིག་ནི་དགུན་དུས་བོད་དུ་ཡུལ་སྐོར་གྱི་བྱེད་སྒོའི་གཟིགས་སྐྱོང་སྲིད་ཇུས་སྐོར་ཡིན་པ་དང་གཉིས་ནི་སྐྲ་བཞར་ཁང་དང་རོལ་རྩེད་ཁང་སོགས་ཞབས་ཞུའི་ལས་རིགས་ཀྱིས་དུས་ཆེན་རིང་གོང་ཚད་ཤུགས་ཆེན་སྤོར་བ་དང་བོགས་གཏོང་རླངས་འཁོར་གྱིས་འགྲུལ་པ་མི་བླུགས་པ་སོགས་ཡིན་པ་རེད།

    ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་ལྟར་ན། རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་12315ཞུ་གཏུག་དང་ཐེར་འདོན་གོང་ཞུའི་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་བས་འདི་ལོའི“དུས་ཆེན་གཉིས”རིང“དགུན་དུས་བོད་དུ་ཡུལ་སྐོར། སའི་གོ་ལའི་སྣེ་གསུམ་ལ་མཉམ་དུ་རོལ”ཞེས་པའི་བྱེད་སྒོ་སྤེལ་བར་བརྟེན་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཤུགས་ཆེན་འཕར་བ་དང་། ཡུལ་སྐོར་ཞུ་གཏུག་དེའང“དུས་ཆེན་གཉིས”རིང་གླེང་མང་བའི་གནད་དོན་ཞིག་ཏུ་གྱུར་ཅིང་། ཡུལ་སྐོར་བའི་ཞུ་གཏུག་དང་བློ་འདྲི་ཁྱོན་12བདག་སྤྲོད་བྱས་ཡོད་པ་རེད། ཞུ་གཏུག་དང་བློ་འདྲིའི་ངོ་བོ་གཞིར་བཟུང་། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ལ་5བདག་སྤྲོད་བྱ་རྒྱུར་སྤྲད་པ་དང་། སྲིད་གཞུང་གི་ཐད་འབྲེལ་ལ་1བདག་སྤྲོད་བྱ་རྒྱུར་སྤྲད་པ། བཟོ་ཚོང་སྡེ་ཚན་ནས་6བདག་སྤྲོད་བྱས་པ་ལས་4གྱོད་ཐག་བཅད་ཟིན་པ་རེད།

    འགན་འཁུར་མི་སྣ་དེས“ཞུ་གཏུག་མང་བའི་གནད་དོན་གཙོ་བོ་ནི་Aརིམ་པའི་མཛེས་ལྗོངས་ཁུལ་འགའ་ཞིག་གིས་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་མ་བྱས་པར་སྔར་བཞིན་ཡུལ་སྐོར་བར་སྤ་སེ་ཚོང་བ་དང་། ཡུལ་སྐོར་བས་དྲ་ཐོག་ནས་མངགས་པའི་འགྲུལ་ཁང་དོན་དངོས་དང་མི་འཚམ་པར་དྲིལ་བསྒྲགས་རྫུན་མ་བྱེད་པ། ཡུལ་སྐོར་བས་ཉོས་པའི་རྩ་ཆེའི་རྒྱན་ཆའི་མདོག་ལོག་པ་སོགས་ཀྱི་གནད་དོན་རེད། འདི་ལོའི‘དུས་ཆེན་གཉིས’རིང་འཛད་སྤྱོད་པའི་འཛད་སྤྱོད་ཀྱི་ལྟ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཚུལ་མཐུན་ངང་འཛད་སྤྱོད་བྱ་རྒྱུ་དེ་ཐུན་མོང་གི་བསམ་ཚུལ་དུ་གྱུར་བ་དང་། གཉེར་སྐྱོང་མཁན་གྱིས་ཡིད་རྟོན་གཉེར་སྐྱོང་བྱེད་པའི་ལྟ་བ་མི་སེམས་སུ་བརྟན་པོར་ཟུག་ཡོད། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས‘སུས་ཞིབ་བཤེར་ཆོག་མཆན་སྤྲད་པ་དེས་ལྟ་སྐུལ་དོ་དམ་བྱེད་པ་དང་སུས་འགན་གཙོ་བོ་འཁུར་བ་དེས་ལྟ་སྐུལ་དོ་དམ་བྱེད་པའི’རྩ་དོན་གཞིར་བཟུང་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་དང་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་རིགས་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    两节期间,12315投诉举报中心仍旧24小时值班.jpg

    འདི་ནི་བོད་རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་12345ཞུ་གཏུག་ཐེར་འདོན་བཀོད་འདོམས་ལྟེ་གནས་ཀྱི་ལས་དོན་མི་སྣས་ཐེར་འདོན་ནམ་བློ་འདྲིའི་ཁ་པར་ཉན་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།