[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཤམ་གསལ་འཁོར་བདག་གིས་ཆད་པ་དང་ལེན་མ་བྱས་ཚེ་རླངས་འཁོར་ཐག་གཅོད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2018-03-06

     རྒྱལ་ལམ་109ལམ་རྒྱུད་ལ་བདེ་འཇགས་དང་། ཞི་མཐུན། གོ་རིམ་བཅས་ལྡན་ཆེད། 2015ལོ་ནས་བཟུང་། གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་ལམ་བཤེར་བྱེད་སྐབས་རང་དགར་རླངས་འཁོར་གྱི་ཨང་གྲངས་དང་། སྒུལ་བྱེད་འཕྲུལ་འཁོར་གྱི་ཨང་གྲངས་རྫུན་བཟོ་བྱེད་མཁན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་ཨང་རྟགས་རྫུས་མ་བཟོས་ནས་སྤྱོད་མཁན་རླངས་འཁོར་9ཞིབ་བཤེར་བཀག་ཉར་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། རླངས་འཁོར་9པོ་དེ་དག་ནི། 2015ལོའི་ཟླ7ཚེས་11ཉིན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་། ཨང་རྟགས། ཐོ་བཀོད་ལག་ཁྱེར་བཅས་རྫུས་མ་བཟོས་ནས་སྤྱོད་མཁན་འཁོར་བདག་ཀྲོའུ་ཆེ་གེ་མོ(ཁ་པར་ཨང་གྲངས་1556831…)འཁོར་རྟགས་ལུའུBFN928ལམ་སྟག་རྟགས་ཅན་གྱི་རླངས་འཁོར་ནག་པོ་དང་། 2015ལོའི་ཟླ་9ཚེས་15ཉིན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་། ཨང་རྟགས། ཐོ་བཀོད་ལག་ཁྱེར་བཅས་རྫུས་མ་བཟོས་ནས་སྤྱོད་མཁན་འཁོར་བདག་མཱ་ཆེ་གེ་མོ(ཁ་པར་ཨང་གྲངས་1556831…)འཁོར་རྟགས་ཅི་BAZ585ལམ་སྟག་རྟགས་ཅན་གྱི་རླངས་འཁོར་ནག་པོ། 2015ལོའི་ཟླ་10ཚེས་9ཉིན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་ཨང་རྟགས་རྫུས་མ་བཟོས་ནས་སྤྱོད་མཁན་འཁོར་བདག་ལེའུ་ཆེ་གེ་མོ(ཁ་པར་ཨང་གྲངས་1380539…)འཁོར་རྟགས་ལུའུQGL450དང་པན་ཁྲེ་རྟགས་ཅན་གྱི་L450གྱི་རླངས་འཁོར་དཀར་པོ། 2016ལོའི་ཟླ་2ཚེས་4ཉིན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་ཨང་རྟགས་རྫུས་མ་བཟོས་ནས་སྤྱོད་མཁན་འཁོར་བདག་ནེང་ཆེ་གེ་མོ(ཁ་པར་ཨང་གྲངས་1822771…) འཁོར་རྟགས་ཁྲོན་U75755། པན་ཐན“ཨོ་ཏེ་སེ”རྟགས་ཅན་གྱི་རླངས་འཁོར་དཀར་པོ། 2016ལོའི་ཟླ་3ཚེས་19ཉིན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་། ཨང་རྟགས། ཐོ་བཀོད་ལག་ཁྱེར་བཅས་རྫུས་མ་བཟོས་ནས་སྤྱོད་མཁན་ཀྲང་ཆེ་གེ་མོ(ཁ་པར་ཨང་གྲངས་1364807…) འཁོར་རྟགས་ཁྲོན་AT6418 མུ་མཱ་རེན་རྟགས་ཅན་གྱི་རླངས་འཁོར་དམར་པོ། 2016ལོའི་ཟླ་10ཚེས་1ཉིན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་ཨང་རྟགས་རྫུས་མ་བཟོས་ནས་སྤྱོད་མཁན་འཁོར་བདག་ཀྲའོ་ཆེ་གེ་མོ(ཁ་པར་ཨང་གྲངས1860932…)འཁོར་རྟགས་གཡོད་B05899དང་པན་ཁྲེ་L450རྟགས་ཅན་གྱི་རླངས་འཁོར་དཀར་པོ། 2016ལོའི་ཟླ8ཚེས་21ཉིན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་ཨང་རྟགས་རྫུས་མ་བཟོས་ནས་སྤྱོད་མཁན་འཁོར་བདག་ཧོ་ཆེ་གེ་མོ(ཁ་པར་ཨང་གྲངས་1898990…) འཁོར་རྟགས་ལུའུ་B38677ཧྥང་ཐན་རྟགས་ཅན་གྱི་རླངས་འཁོར་ནག་པོ། 2016ལོའི་ཟླ་11ཚེས་26ཉིན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་ཨང་རྟགས་རྫུས་མ་བཟོས་ནས་སྤྱོད་མཁན་འཁོར་བདག་པེ་ཆེ་གེ་མོ། འཁོར་རྟགས་ཀན་A08656ལུའུ་ཧུའུ་རྟགས་ཅན་གྱི་རླངས་འཁོར་ཇ་ཁུ་མདོག 2017ལོའི་ཟླ་2ཚེས་3ཉིན། རླངས་འཁོར་འགྲོ་སྐྱོད་ལག་ཁྱེར་དང་ཨང་རྟགས་རྫུས་མ་བཟོས་ནས་སྤྱོད་མཁན་འཁོར་བདག་ནེ་ཆེ་གེ་མོ(ཁ་པར་ཨང་གྲངས་1580979…) འཁོར་རྟགས་ཤང་A27L57མུའུ་མཱ་རེན་རྟགས་ཅན་གྱི་རླངས་འཁོར་དམར་པོ་བཅས་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་112པའི་གཏན་འབེབས་གཞིར་བཟུང་། གོང་གསལ་རླངས་འཁོར་གྱི་ཁ་ལོ་བས་ཟླ་2ཚེས་26ཉིན་ནས་བཟུང་གི་ཟླ་གསུམ་རིང་རླངས་འཁོར་གྱི་ཁྲིམས་མཐུན་འགྲོ་ལུགས་དང་དེ་བཞིན་གནས་ཚུལ་གསལ་བཤད་གྱི་ངོ་སྤྲོད་ཁྱེར་ཏེ་ལྷ་ས་གྲོང་ཁྱེར་པེ་ཅིང་ནུབ་ལམ་སྒོ་རྟགས་ཨང་2པའི་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་སུ་ཆད་པ་དང་ལེན་བྱེད་པར་ཡོང་དགོས། གལ་ཏེ་དུས་བཅད་ལས་ཡོལ་ན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》གི་དོན་ཚན་107གྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།