[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་དུ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གྱོད་འབྲེལ་མི་སྣར་ཁྲིམས་ཐག་བཅད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    20140106140558_4616 (1)_s.jpg

    གླ་ཆ་དེད་ལེན། འགྱངས་ ཆད།

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་དུ་ཐོན་པའི་གནག་སེམས་བཅངས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞིའི་གྱོད་འབྲེལ་མི་སྣ་ལིའུ་ཆེ་གེ་མོར་སྤོ་བོ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་གཉིས་བྱས་པ་དང་འབྲེལ་དངུལ་ཆད་སྒོར་5000བཅད་པ་རེད། གྱོད་གཞི་དེར་ཁྲུན་ཐག་བཅད་པ་ལས་ཞིང་པ་ལས་མིའི་གླ་ཆ་གནག་སེམས་བཅངས་ནས་འགྱངས་ཆད་བྱས་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་མ་ཟད་ཉིང་ཁྲི་གྲོང་ཁྱེར་གྱི་ངལ་རྩོལ་ནུས་ཤུགས་ཁྲོམ་ར་ཡང་ལེགས་སུ་བཏང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ཏུའོ་ཆིང་ཧྲན་ཨར་སྐྲུན་ཚད་ཡོད་ཀུང་སིས་སྤོ་བོ་རྫོང་གཡུ་ཤུལ་ཤང་འཕྲོད་བསྟེན་ཁང་རྒྱས་སྐྲུན་བསྐྱར་སྐྲུན་དང་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་སོགས་ཀྱི་རྣམ་གྲངས་5ཡི་བསྐྲུན་འགན་ཁུར་རིང་ལས་གྲྭའི་ངལ་ནུས་ལིའུ་ཆེ་གེ་མོར་འགན་གཙང་སྤྲད་པ་དང་འབྲེལ་གན་རྒྱའི་གཏན་འབེབས་ལྟར་ལས་གྲྭའི་དངུལ་ཚང་མ་ལིའུ་ཆེ་གེ་མོར་སྤྲད་མོད། འོན་ཀྱང་ལིའུ་ཆེ་གེ་མོས་གཏན་འབེབས་རྩིས་མེད་དུ་བཏང་ནས་ཞིང་པ་ལས་མིར་གླ་ཆ་སྤྲད་མེད་པ་རེད། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་མི་སྤྱི་ཅུས་ལ་ཞིང་པ་ལས་མིའི་ཞུ་གཏུག་འབྱོར་རྗེས་འཕྲལ་མར་གྱོད་ཁོངས་སུ་བཅུག་ནས་ཐག་གཅོད་བྱས་པ་དང《སྤོ་བོ་རྫོང་མི་སྤྱི་ཅུས་ཀྱི་ངལ་རྩོལ་འགན་ལེན་ལྟ་ཞིབ་དུས་བཀག་ནང་སྒྱུར་བཅོས་བྱེད་དགོས་པའི་བཀའ་རྒྱ》བཏང་ནས་ལིའུ་ཆེ་གེ་མོས་ཁྲིམས་གཏན་འཁེལ་བའི་དུས་བཀག་ནང་ཞིང་པ་ལས་མིར་གླ་ཆ་སྤྲོད་དགོས་པའི་བླང་བྱ་བཏོན་ཡང་ལིའུ་ཆེ་གེ་མོས་ལག་བསྟར་བྱས་མེད་པས་2016ལོའི་ཟླ་6ཚེས་30ཉིན་སྤོ་བོ་རྫོང་མི་སྤྱི་ཅུས་ཀྱིས་གྱོད་གཞི་དེ་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲད་པ་དང་2016ལོའི་ཟླ་7ཚེས་11ཉིན་སྤོ་བོ་རྫོང་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་དང་འབྲེལ་དྲ་བའི་ཐོག་རྗེས་འདེད་བཀའ་རྒྱ་བཀྲམ་ནས་མཐར་2016ལོའི་ཟླ་9ཚེས་21ཉིན་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་པ་དང་། 2016ལོའི་ཟླ་10ཚེས་20ཉིན་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་ཐོབ་ནས་2017ལོའི་ཟླ་3ཚེས་6ཉིན་སྤོ་བོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་བྱས་པ་རེད། 2017ལོའི་ཟླ་5ཚེས་26ཉིན་སྤོ་བོ་རྫོང་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ལིའུ་ཆེ་གེ་མོ་དུས་བཀག་བཙོན་འཇུག་ལོ་གཉིས་བྱ་རྒྱུ་དང་དངུལ་ཆད་མི་དམངས་ཤོག་སྒོར་5000གཅོད་རྒྱུའི་ཁྲིམས་ཐག་བཅད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།