[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ​སྣ་དཀར་རྩེ་རྫོང་གིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཤེས་བྱའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དགེ་སློབ་ཀྱི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འདུ་ཤེས་དང་རང་ངོས་སྲུང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར་སྣ་དཀར་རྩེ་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་སྣ་དཀར་རྩེ་རྫོང་སློབ་འབྲིང་དང་སྣ་དཀར་རྩེ་གྲོང་རྡལ་ཆ་ཚང་སློབ་ཆུང་དུ“བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་སློབ་གྲྭར་ཁྱབ་གདལ་བཏང་སྟེ་དགེ་སློབ་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་དགེ་སློབ་ཚོར་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཤེས་བྱ་ཤེས་སུ་བཅུག་པ་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་ཉིད་ཤེས་བྱ་འཆད་ཁྲིད་དང་། མཉམ་འགུལ། བརྙན་ཐུང་ལྟ་བ་སོགས་རྣམ་པ་སྣ་ཚོགས་ཐོག་ནས་སྤེལ་ཞིང་། བྱེད་སྒོ་སྤེལ་སྐབས་ལས་དོན་མི་སྣས་སློབ་མ་ཚོར་བློ་བདེ་བའི་བཟའ་བཅའ་གང་འདྲ་ཉོ་དགོས་པ་དང་བཟའ་བཅའ་རྫུས་མ་ངོ་རྟགས་གང་འདྲ་གཅོད་དགོས་ལུགས་བསླབས་པ་མ་ཟད། སློབ་མ་ཚོར་བཟའ་བཅའ་གང་དག་ཉུང་ཙམ་ཟ་དགོས་པ་དང་། བཟའ་བཅའ་གང་དག་ཟ་མི་རུང་བ། ཇི་ལྟར་བྱས་ནས་ཟས་དུག་མི་ཕོག་པ་བྱེད་དགོས་པ་སོགས་ཀྱི་རྒྱུན་ཤེས་བཤད་པ་རེད། “མེད་པ་གསུམ”གྱི་ཐོན་རྫས་དང་དུས་ཚད་ཡོལ་བའི་བཟའ་བཅའི་གནོད་འཚེ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད་སློབ་མ་ཚོར་རང་ངོས་སྲུང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ་དང་ཆུང་དུས་ནས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་སྟེ་གཟུགས་པོ་ཐང་པོ་ཡོང་བ་བྱེད་དགོས་པའི་སློབ་གསོའང་བརྒྱབ་པ་རེད།

    སླད་ཕྱིན་སྣ་དཀར་རྩེ་རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ད་དུང་སློབ་མ་ཚོའི་ཁྱད་ཆོས་ལ་གཞིགས་ནས་མུ་མཐུད་བཟའ་བཅའི་བདེ་འཇགས་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྔར་བས་ལེགས་པ་སྤེལ་ཏེ་ཁོང་ཚོའི་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འདུ་ཤེས་སྐྱེད་སྲིང་དང་རང་ངོས་སྲུང་སྐྱོབ་ཀྱི་འཇོན་ཐང་སྔར་བས་ཆེ་རུ་བཏང་ནས་ཕྲུ་གུ་ཚོ་བདེ་ཐང་དང་སྐྱིད་སྣང་དོད་པོས་འཚར་ལོངས་ཡོང་བ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།