[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • ནག་ཚོགས་དང་འབྲེལ་བ་ཡོད་པའི“རྒྱབ་རྩར”རྡུང་རྡེག་ཚ་ནན་བཏང་བ།

    ——ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ནག་སེལ་གཤེད་བཅོམ་གྱི་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-07

    ནག་སེལ་གཤེད་བཅོམ་གྱི་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འཁྲི་བདའ་འདེད་ཀྱི་ལས་དོན་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འགན་འཁྲིར་གཞི་ཚུགས་ནས་རང་འགུལ་ངང་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ནག་སེལ་གཤེད་བཅོམ་གྱི་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འཁྲི་བདའ་འདེད་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ནས་ནག་ཚོགས་དང་འབྲེལ་བ་ཡོད་པའི“རྒྱབ་རྩའི”གནད་དོན་ལ་རྡུང་རྡེག་ཚ་ནན་བཏང་བར་ནག་སེལ་གཤེད་བཅོམ་གྱི་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འཁྲི་བདའ་འདེད་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།

    གྱོད་དོན་སྒྲུབ་རྒྱུར་དམ་འཛིན་ལྷོད་མེད་བྱས་ནས་རྩད་གཅོད་མཐར་ཕྱིན་བྱས་པ་དང་། ཞིབ་དཔྱད་བསྡུར་བཤེར་རགས་ཙམ་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་ཆུ་ཤུར་རུ་ཆེན་གྱི་ལས་དོན་པའི་ཁྲོད་སྤྱོད་གཙང་དང་སྒྲིག་ཁྲིམས་ལས་བརྒལ་ནས་གཞན་གྱིས་ཁ་ལག་བཏང་བ་དང་ལེན་བྱས་པ་མ་ཟད། ད་དུང་དབང་ཆ་གང་བྱུང་སྤྱད་དེ་མཁའ་འགྲུལ་ཁུལ་གསར་དུ་ལག་ཁྱེར་མེད་པའི་རླངས་འཁོར་གཉེར་སྐྱོང་བྱས་པ་གྱོད་ཁོངས་སུ་མ་བཅུག་པ་དང་ཞིབ་བཤེར་མ་བྱས་པ། དེ་བཞིན་བཀྲ་ཆེ་གེ་མོས་གཙོས་པའི་ནག་ཚོགས་དང་འབྲེལ་བ་ཡོད་མཁན་ལ་སྟབས་བདེ་སྐྲུན་གྱི་ཡོད་པ་ཤེས་རྟོགས་ཐུབ་པ་རེད། གནད་དོན་དེར་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“སྤྱི་བདེས་སྔོན་ལ་རྡུང་རྡེག་གཏོང་བ་དང་སྒྲིག་ཨུད་ཀྱིས་ཞིབ་བཤེར་མཐར་ཕྱིན”བྱེད་པའི་བསམ་བློ་འདོར་ནས་སྒུག་བརྟེན་མི་བྱེད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། བྱ་སྤྱོད་མགྱོགས་མྱུར་སྤེལ་ཏེ་ཕྱོགས་གཅིག་ནས་གྲོང་ཁྱེར་འགྲིམ་འགུལ་ཅུས་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་ཆུ་ཤུར་རུ་ཆེན་གྱི་ལས་དོན་པར་སྐད་ཆ་དྲིས་པ་དང་དཔྱད་ཞིབ་བྱས་པ་དང་། གྲོང་ཁྱེར་དང་ཆུས་དང་ཆུ་ཤུར་རྫོང་དུ་བསྐྱོད་ནས་དཔྱད་གཞི་འབོར་ཆེན་ལྟ་ཞིབ་བྱས་རྗེས་ཧང་ཀྲོའུ་དང་ཧྲེན་ཀྲན་སོགས་ས་ཁུལ་དུ་ཕྱིན་ནས་དཔང་རྟགས་འཚོལ་ཞིབ་ཀྱི་ལས་དོན་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས་འཚོལ་བསྡུ་ཐུབ་པའི་དཔང་རྟགས་དང་དཔྱད་གཞིར་གཞིགས་ནས་ལས་དུས་འཕར་མ་བྱས་ཏེ་དབྱེ་ཞིབ་གཏིང་ཟབ་དང་གྱོད་དོན་ལ་ཞིབ་དཔྱད་དང་གོམ་སྟབས་རྗེས་མའི་ལས་དོན་གྱི་འཆར་གཞི་བཀོད་སྒྲིག་བྱས་པ་རེད།

    གཞི་རྩའི་ཆར་ཁྲིམས་འགལ་སྒྲིག་འགལ་གྱི་དོན་དངོས་ཞིབ་བཤེར་གསལ་པོ་བྱས་པའི་སྔོན་འགྲོའི་འོག ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་དང་ལྷ་ས་གྲོང་ཁྱེར་ལྟ་བཤེར་ཨུ་ལྷན་གྱི་ཨུ་ལྷན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་དུས་ཐོག་ཏུ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་ཆུ་ཤུར་རུ་ཆེན་གྱི་སྤེན་ཆེ་གེ་མོ་དང་ཕུར་ཆེ་གེ་མོའི་གྱོད་དོན་ཐོ་བཀོད་དང་ཞིབ་བཤེར་ལྟ་ཞིབ་བྱས་པ་རེད། ཁ་མཐུན་ངོས་ལེན་བྱེད་པའམ་ཡང་ན་དཔང་རྟགས་རྫུས་བཟོ་དང་། སྦས་སྐུང་། མེད་པར་བཟོ་བ་བཅས་བཀག་འགོག་བྱ་ཆེད། སྤེན་ཆེ་གེ་མོ་བཀག་ཉར་བྱས་པས་གྱོད་གཞི་ཧྲིལ་པོར་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་བྱུང་ནས་སྤེན་ཆེ་གེ་མོས་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་ཚོགས་པ་རྒྱ་ཡན་དུ་བཏང་བའི་འབྲེལ་ཡོད་དཔང་རྟགས་དང་དོན་དངོས་ཁུངས་བཙན་རྟོགས་པ་མ་ཟད། ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་ཞིབ་བཤེར་ཡང་ཐུབ་ཡོད། “རྡུང་རྡེག་གཏོང་ཕོད་པ”དང“རྡུང་རྡེག་ངོ་མ་གཏོང་བ”“རྡུང་རྡེག་གཏོང་མཁས་པ”“རྡུང་རྡེག་ནན་པོ་གཏོང་བ”བཅས་ནག་སེལ་གཤེད་བཅོམ་ཤུགས་ཆེན་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འཁྲི་བདའ་འདེད་ཀྱི་འཐབ་རྩོད་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།

    ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྤེན་ཆེ་གེ་མོ་དང་ཕུར་ཆེ་གེ་མོའི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞིར་འདྲི་ཞིབ་བརྟག་དཔྱད་བྱེད་མཇུག་འགྲིལ་རྗེས་འབྲེལ་ཡོད་གཏན་འབེབས་དང་ལས་ཀའི་དོན་དངོས་གཞིར་བཟུང་། སྤྱི་བདེ་ལས་ཁུངས་དང་འབྲེལ་མཐུད་མཐུན་སྦྱོར་ཧུར་ཐག་བྱས་རྗེས་སྤེན་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲད་ནས་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་མ་ཟད། དེ་དང་ཕུར་ཆེ་གེ་མོའི་ཉེས་གསོག་གི་དོགས་པ་ཡོད་པའི་དཔང་རྟགས་དང་དཔྱད་གཞི་སྡེབ་གཅིག་ལ་རྩིས་སྤྲད་པ་དང་། སྤྱི་བདེ་ལས་ཁུངས་ལ་དུས་ཐོག་དང་ཁྲིམས་བཞིན་ཉེས་གསོག་རྒྱ་ཡན་དུ་གཏོང་མཁན་དོགས་ཅན་ལ་ཁྲིམས་འཛིན་བརྒྱུད་རིམ་ལག་བསྟར་བྱེད་དགོས་པ་དང་། ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པའི་ལྕག་སྐུལ་བྱས་ཏེ“ནག་ཚོགས”དང“རྒྱབ་རྩ”མེད་པ་བཟོས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།