[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • ལྷ་སའི་བདལ་གཏོང་རླངས་འཁོར་ཀུང་སི་གཉིས་སུ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཏེ།

    སྒྲིག་སྲོལ་ལས་ཚབས་ཆེན་འགལ་མཁན་ཁ་ལོ་བ་གསུམ་ཕྱིར་འབུད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-09

    མདོ་གནད།

    གྲོང་ཁྱེར་གྱི་ཡ་རབས་གཟུགས་བརྙན་ལེགས་སུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། བདལ་གཏོང་རླངས་འཁོར་ལས་རིགས་སུ་ཐོན་པའི་ཟང་ཟིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་ཡ་རབས་ཚོང་གཉེར་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་ཀྱི་ཆེད་དུ། ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི་དང་ལྷ་ས་ཧོང་ཨེན་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས་ཟླ་3པའི་ཆེད་དམིགས་བཅོས་སྒྲིག་བྱ་སྤྱོད་སྤེལ་རྗེས། སླར་ཡང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། ཟླ་4པའི་ཆེད་དམིགས་བཅོས་སྒྲིག་བྱ་སྤྱོད་མཉམ་འབྲེལ་ཐོག་སྤེལ་འགོ་ཚུགས་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོརདང་་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་དེ་ཟླ་4ཚེས་3ནས་ཚེས་7ཉིན་བར་སྤེལ་བ་དང་། དེའི་རིང་ཞིབ་བཤེར་རུ་ཁག་གི་རུ་མི་ཕུད། བདལ་གཏོང་ཀུང་སིའི་ལས་དོན་པ་80%ཞིབ་བཤེར་ལ་བསྐྱོད་པ་མ་ཟད། མེ་འཁོར་བབས་ཚུགས་དང་། གནམ་ཐང་། རྟ་རྒྱུག་ཐང་། ཤར་ཕྱོགས་འགྲུལ་སྐྱེལ་ས་ཚིགས་སོགས་སོ་སོར་ཁྱོན་ཞིབ་བཤེར་ས་ཚིགས་6བཙུགས་ཏེ་གཙོ་བོ་བདལ་གཏོང་རླངས་འཁོར་གྱི་ཕྱིའི་རྣམ་པ་ལེགས་ཉེས་དང་། སྒྲིག་སྲོལ་ལས་འགལ་ནས་རླངས་འཁོར་ཚབ་གཏོང་བྱེད་པ། རླངས་འཁོར་ནང་གི་མེ་གསོད་ཡོ་བྱད་ཚད་དང་ལྡན་མིན་སོགས་ལ་ཞིབ་བཤེར་བྱས་པ་རེད།

    ཉེ་ཆར། གསར་འགོད་པས་རྟ་རྒྱུག་ཐང་གི་ཞིབ་བཤེར་ས་ཚིགས་སུ་སྐྱོད་སྐབས། ལས་དོན་པས་བདལ་གཏོང་རླངས་འཁོར་ཞིག་བཀག་པ་མཐོང་བྱུང་། ལས་དོན་མི་སྣ་དེས“ཁམས་བཟང་། ཁྱེད་ཀྱི་འགྲུལ་སྐྱེལ་ལས་ཞུགས་ཐོབ་ཐང་ལག་ཁྱེར་སྟོན་རོགས། དེ་ནས་འདིར་མིང་རྟགས་འགོད་རོགས”ཞེས་བཤད་པ་ཐོས་བྱུང་།

    ལག་ཁྱེར་ཁག་ལ་ཞིབ་བཤེར་བྱས་རྗེས། ལས་དོན་མི་སྣས་བདལ་གཏོང་རླངས་འཁོར་གྱི་ཕྱིའི་རྣམ་པ་དང་། རླངས་འཁོར་རྒྱབ་ཀྱི་སྒམ་ནང་བླུགས་པའི་མེ་གསོད་ཡོ་བྱད། དེ་བཞིན་ཁ་ལོ་བའི་གྱོན་གོས་བཅས་ལ་ཞིབ་བཤེར་བྱེད་འགོ་ཚུགས། “ཁ་ལོ་བ་ལགས། རླངས་འཁོར་གཞོགས་གཅིག་ལ་གཙང་མ་དེ་ཙམ་མི་འདུག ཁྱེད་ཀྱིས་གཙང་མ་ཕྱིས་རྗེས་སྐྱོད་རོགས”ཞེས་ལས་དོན་པས་ཤོད་འཇུག་འགྲིལ་མ་ཐག་ཁ་ལོ་བས་ལམ་སེང་ཕྱིས་རས་བཏོན་ནས་དོ་ནན་གྱིས་ཕྱིས་སོང་།

    འགན་འཁུར་བ་དེས་གསར་འགོད་པར། ཟླ་3ནས་ཟླ་4ཚེས་3ཉིན་བར། ཀུང་སིས་བདལ་གཏོང་རླངས་འཁོརགྱི་ཁ་ལོ་བ་ཁྱོན་24ལ་ཞིབ་གཅོད་བྱས་པའི་ནང་ཁ་ལོ་བ་3གྱིས་འགྲིམ་འགྲུལ་སྒྲིག་སྲོལ་དང་ཀུང་སིའི་སྒྲིག་སྲོལ་ལམ་ལུགས་ལས་ཚབས་ཆེན་འགལ་བ་དང་། དེ་བཞིན་སྒྲིག་སྲོལ་ལས་འགལ་ནས་རླངས་འཁོར་ཚབ་གཏོང་བྱས་པས་སྒྲིག་ཁོངས་ནས་ཕུད་པ་དང་། དེ་མིན་ད་དུང་ཁ་ལོ་བ་5ཡིས་འགྲིམ་འགྲུལ་སྒྲིག་སྲོལ་གྱི་དོན་ཚན་མང་དག་ཅིག་ལས་འགལ་བ་དང་གནས་ཚུལ་ཚབས་ཆེན་ཡིན་སྟབས་འགྲིམ་འགྲུལ་ལམ་སྟོན་སློབ་ཁྲིད་པའི་ཐོབ་ཐང་ཐོག་ནས་སྤྱི་སྤྱོད་འགྲིམ་འགྲུལ་སྲུང་སྐྱོང་རུ་ཆེན་དང་མཉམ་དུ་ལམ་སྟོན་སློབ་ཁྲིད་བྱེད་པར་བསྐྱོད་པ་དང་འབྲེལ། ཁ་ལོ་བ་དེ་དག་གི་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་ཡང་བཅག་པ་དང་། ཁ་ལོ་བ་16ལ་ཞབས་ཞུའི་རྣམ་འགྱུར་ངན་པ་དང་ཀུང་སིའི་སྒྲིག་སྲོལ་ལམ་ལུགས་ལས་འགལ་བ་ལ་སོགས་ཀྱི་གནས་ཚུལ་ཡོད་པར་བརྟེན། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཉིན་3ནས་7བར་སྐྱེལ་འདྲེན་བྱེད་མཚམས་འཇོག་རྒྱུའི་ཆད་པ་བཅད་ཡོད་ཅེས་བཤད།

    འགན་འཁུར་བ་དེས“རྒྱལ་ཆེའི་ཡུལ་སྐོར་བ་དང་གྲོང་མིས་བདལ་གཏོང་རླངས་འཁོརསྡོད་སྐབས་ཁྲིམས་མཐུན་དང་ཚད་ལྡན་གྱི་བདལ་གཏོང་རླངས་འཁོར་ལ་སྡོད་པ་ལས་ཁྲིམས་འགལ་གྱི་སྐྱེལ་འདྲེན་རླངས་འཁོར་ནང་མི་སྡོད་རྒྱུའི་རེ་བ་ཡོད། ང་ཚོས་མུ་མཐུད་འབྲེལ་ཡོད་ལས་རིགས་ཀྱི་གཙོ་གཉེར་ཚན་པར་མཐུན་སྦྱོར་ཧུར་ཐག་བྱས་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞི་མཐུན་དང་། ཡ་རབས། བདེ་འཇགས་བཅས་ལྡན་པའི་རླངས་འཁོར་ལ་སྡོད་པའི་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་ཡིན་ལ་གྲོང་མིར་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡང་ཡིན”ཞེས་བཤད།

    gongrq9481.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།