[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས།

    ཚོང་རྟགས་རྫུས་མའི་ལུས་རྩལ་ལྷམ་ཁྱོན་སྒམ1117ཞིབ་བཤེར་རྩད་གཅོད་ཐུབ་པ།

    ཁྱོན་བསྡོམས་ལྷམ་ཆ་ཁྲི་2ལྷག་ཙམ་ཡོད་པར་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་འབོར་སྒོར་ཁྲི་200ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    法制漫画1.jpg

    ཉེ་ཆར། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་ཚོང་རྟགས་ཀྱི་དབང་གནོད་ལ་རྡུང་རྡེག་གཏོང་བའི་ཁུངས་འདེད་ཆེད་དོན་བྱ་སྤྱོད་ཁྲོད། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཕུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་བཟོ་ཚོང་ཅུས་དང་ས་ཁོངས་དང་སྡེ་ཚན་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་སྐྱོང་སྤེལ་ནས་བཀོད་སྒྲིག་ཚགས་ཚུད་དང་བྱ་སྤྱོད་མྱུར་པོ་སྤེལ་བས་ཧུང་ཤིང་ཨེར་ཁེ་དང་། ཨ་ཏི་ཏ་སི། ནེ་ཁེ་སོགས་གྲགས་ཅན་ཚོང་རྟགས་ཀྱི་དབང་ཆར་གནོད་པའི་ལུས་རྩལ་ལྷམ་ཁྱོན་སྒམ་1117ཞིབ་བཤེར་རྩད་གཅོད་ཐུབ་ནས་ཁྱོན་ལྷམ་ཆ་ཁྲི་2ལྷག་ཙམ་ཡོད་པར་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་སྨར་སྒོར་ཁྲི་200ཙམ་ཟིན་པ་དེ། ཉེ་བའི་ལོའི་རིང་རང་ལྗོངས་ཀྱི་བཟོ་ཚོང་ཁོངས་གཏོགས་ཀྱིས་རྩད་གཅོད་ཐུབ་པའི་གྱོད་འབྲེལ་མ་དངུལ་འབོར་ཆེ་ཤོས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཚོང་རྟགས་དབང་གནོད་ཀྱི་གྱོད་གཞི་ཞིག་རེད། 

    བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ལ་ཕུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་བསྐུར་བའི་གྱོད་གཞིའི་ཁུངས་སྣེ་ཞིག་འབྱོར་བའི་ནང་། ལྷ་ས་གྲོང་ཁྱེར་གྱི་མཛོད་ཁང་ཞིག་གི་ནང་ནས་ཧུང་ཤིང་ཨེར་ཁེ་ཡི་ཚོང་རྟགས་འཁོད་པའི་ལུས་རྩལ་ལྷམ་རྫུས་མ་ཁག་ཅིག་ཡོད་པ་དེ་དག་སྐྱིད་རོང་འགག་སྒོ་བརྒྱུད་རང་རེའི་ས་ཁོངས་ནས་གྲོལ་ཏེ་ནེ་པ་ལའི་ས་ཁོངས་ནང་ཕྱིར་འཚོང་བྱེད་རྩིས་འདུག་པས་བོད་ཀྱི་བཟོ་ཚོང་སྡེ་ཚན་གྱིས་ཁྲིམས་བཞིན་ཞིབ་བཤེར་དང་བཀག་ཉར་བྱེད་རོགས་ཞེས་བརྗོད་ཡོད་པ་རེད།

    ཚོང་རྟགས་ཀྱི་དབང་གནོད་བྱེད་སྤྱོད་འབྱུང་རྩ་ནས་མཐར་ཕྱིན་པར་མེད་པ་བཟོ་ཆེད། བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་སྣེ་ཁྲིད་ནས་ས་ཁོངས་དང་སྡེ་ཚན་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་སྐྱོང་བྱ་སྤྱོད་ཧུར་ཐག་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་དང་། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས། ཕུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་བཟོ་ཚོང་ཅུས། ཚོང་རྟགས་ཁེ་དབང་ཡོད་མི་བཅས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་མཚན་བསྟུད་མར་ས་དབྱིབས་རྩད་ཞིབ་བྱས་པ་དང་། གྱོད་གཞིར་དབྱེ་ཞིབ་བྱས་ནས། བྱ་སྤྱོད་སྤེལ་རྒྱུའི་འཆར་གཞི་བཟོས་ཡོད། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཁྲིམས་སྐྱོང་མི་སྣ་10ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་མཛོད་ཁང་དེར་ཞིབ་བཤེར་བྱས་པ་དང་འབྲེལ། ཚོང་རྟགས་དབང་གནོད་ཀྱི་དོགས་པ་ཡོད་པའི་ལུས་རྩལ་གྱི་ལྷམ་ཁྱོན་སྒམ་1117བཙན་ཉར་བྱས་པ་དེའི་ནང་། ཧུང་ཤིང་ཨེར་ཁེ་ཡི་ཚོང་རྟགས་སུ་རྫུས་པའི་ལུས་རྩལ་ལྷམ་སྒམ་101ཡོད་པར་བསྡོམས་རྩིས་བྱས་ན་ཆ་2020ཡོད་པ་དང་། ཨ་ཏི་ཏ་སི་ཡི་ཚོང་རྟགས་སུ་རྫུས་པའི་ལུས་རྩལ་ལྷམ་སྒམ་390ཡོད་པར་བསྡོམས་ཆ་7800ཡོད་པ། ལག་ཁྱེར་གསུམ་མེད་པའི་ལུས་རྩལ་ལྷམ་སྒམ་520ཡོད་པར་བསྡོམས་ཆ་10400ཡོད་པ་བཅས་རེད།

    ཚོང་རྟགས་དབང་གནོད་ཀྱི་ཚོང་ཟོག་དེ་དག་སྤུས་ཚད་ཧ་ཅང་ཞན་པས་ས་མཚམས་ཕྱི་རོལ་དུ་ཤོར་ཚེ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་གི་རང་རྒྱལ་གྱི་ཚོང་རྟགས་ཀྱི་མཚན་སྙན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད།

    མིག་སྔར། བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་གྱོད་གཞིའི་གནས་ཚུལ་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལ་སྙན་སེང་ཞུས་པ་དང་། ནང་སའི་བཟོ་ཚོང་སྡེ་ཚན་གྱིས་རྗེས་མཐུད་ཀྱི་བརྟག་དཔྱད་ཐག་གཅོད་ལས་དོན་སྤེལ་བཞིན་ཡོད། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་རྒྱལ་ཁབ་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཚོང་རྟགས་དབང་གནོད་ལ་རྡུང་རྡེག་གཏོང་བའི་ཁུངས་འདེད་ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞིའི་འབྲེལ་ཡོད་བླང་བྱར་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཚོང་རྟགས་དབང་གནོད་ཀྱི་གྱོད་གཞི་འབྱུང་རྩ་ནས་ཁུངས་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་རྟགས་དབང་གནོད་ཀྱི་ཚོང་ཟོག་ཐོན་སྐྱེད་དང་། ཕྱི་ཚོང་། ཐོ་འགོད་ཚོང་རྟགས་བཟོ་བ་སོགས་ཀྱི་ལྷུ་ཚིགས་ལ་སྦྲེལ་ཐག་ཡོངས་ནས་རྡུང་རྡེག་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།