[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་རྒྱན་འགྱེད་ཀྱི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-18

    རྒྱལ་རྩེ་རྫོང་གི“ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས”ཀྱི་ཆེད་དོན་འཐབ་རྩོད་ལ་སྐུལ་སྤེལ་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་8ཚེས་21ཉིན། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་རྒྱན་འགྱེད་ཀྱི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་ནས་རྒྱན་འགྱེད་ཀྱི་དངུལ་སྒོར་1138རྩད་གཅོད་ཐུབ་པ་རེད། ད་ཐེངས་ཀྱི་བྱ་སྤྱོད་སྤེལ་བ་བརྒྱུད། ཁོངས་གཏོགས་ཁུལ་གྱི་ཆགས་སྲེད་དང་། རྒྱན་འགྱེད། དུག་རྫས་དང་འབྲེལ་བ་ཡོད་པའི་བྱེད་སྤྱོད་སོགས་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་དྲགས་ཀྱི་རྣམ་པ་དང་ཐར་པར་གཏན་ནས་་མི་གཏོང་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་11ཉིན་གྱི་ཆུ་ཚོད་དང་པོ་ཙམ་ལ་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སུ་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱི“མདའ་མང་དུ་རྒྱག་རེས་རྒྱག་མཁན་འདུག་པས་ཁྱེད་ཚོ་འཕྲལ་མར་སྐྱོད་རོགས”ཞེས་བཀའ་འབྱོར་མ་ཐག་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱིས་ཁྲེང་ཀོན་མངགས་གཏོང་ཁང་གི་ཉེན་རྟོག་པ་གནས་ཚུལ་ཐོན་ཡུལ་དུ་བཏང་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཝུན་ཆེ་གེ་མོ་སོགས་མི་4ཡིས་མདའ་མང་དུ་ཏ་སེ་བརྒྱབ་སྟེ་རྒྱན་འགྱེད་བྱས་པ་དང་རྒྱན་འགྱེད་བྱེད་སྐབས་ལི་ཆེ་གེ་མོས་གཡོ་སྒྱུ་འཁྲབ་པ་གཞན་གྱིས་ཤེས་རྗེས་ཁ་རྩོད་ཤོར་བ་དང་མཐར་འཛིང་རེས་ཤོར་བ་ཤེས་རྟོགས་བྱུང་། མི་དམངས་ཉེན་རྟོག་པས་འཕྲལ་མར་མི་བཞི་པོ་དེ་དག་མངགས་གཏོང་ཁང་དུ་འཁྲིད་དེ་འདྲི་ཞིབ་བྱས་པ་དང་མི་བཞི་པོས་ཀྱང་རྒྱན་འགྱེད་ཀྱི་ཁྲིམས་འགལ་དོན་དངོས་ལ་ངོས་ལེན་ཞུས་པ་རེད། མི་བཞི་པོ་དེ་དག་ཉེས་པ་བསགས་ཐེངས་དང་པོ་ཡིན་ལ། ངོས་ལེན་ཞུ་བའི་རྣམ་འགྱུར་ཡག་པོ་ཡོད་པ་དང་རྒྱན་འགྱེད་དངུལ་མང་པོ་མེད་པར་དམིགས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་བདུན་ཅུའི་གཏན་འབེབས་གཞིར་བཟུང་། མི་བཞི་པོར་དངུལ་ཆད་སྒོར་300བཏང་བ་རེད།

    ད་ཐེངས་ཀྱི་བྱ་སྤྱོད་ལས་ཁོངས་གཏོགས་ཁུལ་དུ་རྒྱན་པོ་འགྱེད་པ་་སོགས་སྐྱུག་བྲོ་བའི་སྣང་ཚུལ་ཁྱབ་འགྱེད་གཏན་འགོག་ནུས་ལྡན་ཐུབ་པ་མ་ཟད། ད་དུང་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཁོར་ཡུག་ལེགས་སུ་བཏང་བ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།