[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-11

    དངུལ་རྩའི་འཛད་སྤྱོད་མཁན་པ་ཆེ་གེ་མོས་ཀྲུང་གོ་མི་དམངས་དངུལ་ཁང་Lགྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སྡེ་ཚན་ཞིག་ལ་ཞུ་གཏུག་བརྒྱབ་ནས། སངས་ཆེ་གེ་མོའི(ཞུ་གཏུག་རྒྱག་མཁན་གྱི་ཨ་མ)ཚབ་བྱས་ནས་Nཚོང་ལས་དངུལ་ཁང་Cརྫོང་ཉིང་ལག་དངུལ་ཁང་དུ་ཞིང་ཕན་གཱ་ཡི་ལས་སྒོ་གཉེར་སྐབས། དངུལ་ཁང་གི་ལས་དོན་པས་སྡོད་གནས་དང་དངུལ་ཁང་དབར་ངོ་སྤྲོད་ཐེངས་མང་འབྲི་བར་བཏང་ཞིང་། ངོ་སྤྲོད་རག་རྗེས་Nཚོང་ལས་དངུལ་ཁང་Cརྫོང་ཉིང་ལག་དངུལ་ཁང་གིས་ཡན་ལག་དངུལ་ཁང་ནས་རྒྱང་རིང་ཆོག་མཆན་སྤྲོད་ཀྱི་མེད་པ་རྒྱུ་མཚན་དུ་བྱས་ནས་ལས་སྒོ་གཉེར་སྒྲུབ་ཀྱི་རེ་ཞུ་ཕྱིར་སློག་བྱས་བྱུང་ཞེས་བཤད།

    བདེན་མིན་ཞིབ་དཔྱད་བྱས་རྗེས་པ་ཆེ་གེ་མོས་ཞིང་ཕན་གཱ་ཡི་ལས་སྒོ་གཉེར་རྒྱུའི་རེ་ཞུ་འབུལ་སྐབས། དངུལ་ཁང་གི་ལས་དོན་པས་སངས་ཆེ་གེ་མོའི་མིང་འོག་ཏུ་ཞིང་ཕན་གཱ་ཡི་རྩིས་ཁྲ་ཞིག་ཡོད་པ་དང་ཕྱིས་སུ་ཞིང་ཕན་གཱ་བོར་བརླག་ཏུ་ཕྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བས། སྔོན་ལ་བོར་བརླག་སོང་བའི་འགྲོ་ལུགས་གཉེར་དགོས་པའི་གྲོས་འགོ་བཏོན་ཡོད། འོན་ཀྱང་། 《Nཚོང་ལས་དངུལ་ཁང་གི་གསོག་འཇོག་ལས་སྒོའི་དོ་དམ་བྱ་ཐབས》ཀྱི་ས་བཅད་དྲུག་པའི་དོན་ཚན་ཞེ་བརྒྱད་དུ“ཡིག་ཐོག་ནས་བོར་བརླག་ཏུ་སོང་བའི་རེ་ཞུ་འབུལ་རྗེས་བཅོལ་དངུལ་གྱི་དཔང་འཛིན་གསར་པ་ལེན་པ་དང་། བོར་ཐོ་བཀོད་དེ་ཐོ་སུབ་པར་དོ་བདག་ནས་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་དང་། བོར་ཐོ་བཀོད་པའི་རེ་ཞུའི་ཡི་གེ་ཁྱེར་ནས་བོར་ཐོ་བཀོད་སའི་དེ་སྔའི་ལས་གཉེར་སྒྲིག་གཞིར་འགྲོ་དགོས་པ་ལས་ཚབ་བྱེད་མི་རུང་བའི”གཏན་འབེབས་བྱས་ཡོད། དེར་བརྟེན་དངུལ་ཁང་ལ་རྒྱང་རིང་ཆོག་མཆན་སྤྲོད་རྒྱུར་ཆོག་མཆན་ཐོབ་མེད་པས་ལས་སྒོ་གཉེར་མེད། སྔར་བས་ཤེས་རྟོགས་བྱས་པ་བརྒྱུད། སངས་ཆེ་གེ་མོ་ད་ལོ་ལོ་51ཡིན་པ་དང་གཟུགས་པོ་ཐང་པོ་་མེད་ནའང་རིག་པ་གསལ་པོ་ཡོད་པ་རྟོགས། ད་ཆ་རྫ་ཡུལ་རྫོང་ཚ་བ་རོང་ཤང་དུ་སྡོད་པ་དང་དངུལ་ཁང་དང་རྫོང་གྲོང་དབར་སྤྱི་ལེ་400ཙམ་ཆོད་པས་དངུལ་ཁང་དུ་ལས་སྒོ་གཉེར་བར་སྐྱོད་ཐབས་བྲལ་སྟབས་དོ་བདག་ལོ་ན་མཐོ་བའི་ཁོངས་སུ་གཏོགས་པའི་ཚད་གཞི་དང་མཐུན་ཡོད། Nཚོང་ལས་དངུལ་ཁང་གིས《དམིགས་བསལ་དོ་བདག་གི་ཚོགས་སྤྱིར་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་། མཐར་Nཚོང་ལས་དངུལ་ཁང་དང་Cརྫོང་ཉིང་ལག་དངུལ་ཁང་གིས་དངུལ་རྩའི་འཛད་སྤྱོད་པའི་སེམས་ཁྲལ་དང་དཀའ་ངལ་སེལ་རྒྱུར་གཞིགས་ནས་མི་གཤིས་ཅན་གྱི་ཞབས་ཞུ་སྒྲུབ་པའི་རྩ་དོན་ལྟར། Wཤང་ལས་གཉེར་ཁང་ལ་མངགས་བཅོལ་བྱས་ནས་ལས་སྒོ་གཉེར་མཁན་གཉིས་པོའི་སྒོ་རྩར་ཞབས་ཞུ་སྒྲུབ་པར་བསྐྱོད་རྒྱུར་བཀོད་སྒྲིག་བྱས་ཏེ་སངས་ཆེ་གེ་མོར་ཞིང་ཕན་གཱ་གསར་པ་གཉེར་རོགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།