[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • རྩིག་ཟུར་ནས་འཛུལ་ཡང་།རྐང་མཐིལ་ནས་ངོ་ཤེས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    2017ལོའི་ཟླ་12ཚེས་14ཉིན་གྱི་དགོང་མོའི་ཆུ་ཚོད་11པར་ལྷ་སར་སྡོད་མཁན་ཀྲང་དབྱི(སྒྱུར་མིང)ཐུམ་སྒྲིམ་འཇོག་ས་ཞིག་ཏུ་སླེབས། ཁོ་པས་མཐའ་འཁོར་དུ་མི་ཡོད་མེད་བལྟས་ནས་གཟབ་ནན་ངང་རས་ཁུག་སྔོན་པོ་ཞིག་བླངས།

    གོམ་པ་འགའ་སྤོ་མ་ཐག་ཉེན་རྟོག་པའི་གྱོན་ཆས་གྱོན་པའི་སྐྱེས་པ་འགའ་ཀྲང་དབྱིའི་མདུན་དུ་ཡོང་བ་དང་། ཁོང་ཚོས་ཉེན་རྟོག་པའི་ལག་ཁྱེར་བཏོན་ཏེ“སྐུ་ཁམས་བཟང་། ང་ཚོ་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཡིན། ཁྱེད་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པས་གཞོགས་འདེགས་གནང་རོགས”ཞེས་བཤད།

    ཀྲང་དབྱིས་ལག་ནང་གི་ཐུམ་སྒྲིམ་དམ་པོར་བཟུང་བ་དང་བབ་བརླིང་ལྡན་པའི་སྒོ་ནས་གད་མོ་འཚེར་འཚེར་བྱས། “ཉེན་རྟོག་དཔོན་ལགས། ཐོབ་ཐང་ལག་ཁྱེར་ཞིབ་བཤེར་བྱེད་རྒྱུ་ཡིན་ནམ”ཞེས་བཤད་པ་དང་། དེའི་ཁྲོད་ཀྱི་མི་དམངས་ཉེན་རྟོག་པ་ཞིག་གིས་མགོ་བོ་གཡུག་ཙམ་བྱས་ནས“བསུན་པོ་བཟོས་སོང་། ཁྱེད་ཀྱིས་ལག་ནང་གི་ཐུམ་སྒྲིམ་ང་ཚོར་ཞིབ་བཤེར་བྱེད་དུ་འཇུག་རོགས”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།