[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • དུག་ཡོད་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་མཁན།

    མཱ་ཆེ་གེ་མོར་གྱོང་གུན་ཁ་གསབ་དངུལ་ལྡབ་10སྤྲོད་དགོས་པའི་ཁྲིམས་ཐག་བཅད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    zhuy9514.jpg

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་ཞུ་སྦྱོར་ཕྱི་མས་ཉེས་ཆད་རང་བཞིན་གྱི་ཁ་གསབ་དངུལ་སྤྲོད་དགོས་པའི་ཁྲིམས་ཐག་ཐོག་མ་བཅད་པའི་བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་འདྲི་གཅོད་གཉིས་པའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ་ཞུ་སྦྱོར་ཕྱི་མ་བ་མཱ་ཆེ་གེ་མོར་ཉེས་ཆད་རང་བཞིན་གྱི་གྱོང་གུན་ཁ་གསབ་དངུལ་ལྡབ་10སྤྲོད་དགོས་པའི་ཁྲིམས་ཐག་བཅད་པ་རེད།

    ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲི་ཀ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཕུལ་བའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་ཉེས་དོན་ཞོར་གཏོགས་དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞིར་འདྲི་གཅོད་གཉིས་པའི་ཁྲིམས་ཐག་བཅད་ནས་ཞུ་སྦྱོར་ཕྱི་མ་བ་མཱ་ཆེ་གེ་མོས་དུག་ཡོད་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་ཚོང་གི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ཟླ་བ་6དང་ཆད་པ་སྒོར་7000བཅད་ཡོད།

    དེ་དང་དུས་མཚུངས། གནོད་ཡོད་བཟའ་བཅའི་བདེ་འཇགས་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་དབང་ཆ་སྲུང་སྦྱོང་བྱ་ཆེད། མཱ་ཆེ་གེ་མོར་ཁྲིམས་ཐག་བཅད་ནས་གོ་ཆོད་པའི་དུས་ཚོད་ཉིན་བཅུའི་ནང་ཁྲི་ཀ་རྫོང་གི་རྫོང་རིམ་པའི་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་ངང་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དགོངས་སེལ་ཞུ་དགོས་པ་དང་ཆབས་ཅིག ཉེས་ཆད་རང་བཞིན་གྱི་གྱོང་གུན་ཁ་གསབ་ལྡབ་10སྟེ། སྒོར་137760སྤྲོད་དགོས་པའི་ཁྲིམས་ཐག་བཅད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། མཱ་ཆེ་གེ་མོ་ནི་ལ་ཕིང་བཟོ་མཁན་དང་ཕྱིར་ཚོང་བྱེད་མཁན་ཡིན་ཞིང་། ཁོ་པས་ལ་ཕིང་བཟོ་སྐབས་དུག་ཡོད་ཚ་ལ་དཀར་པོ་རང་དགར་བསྲེས་ནས་འཛད་སྤྱོད་པར་བཙོངས་པས་རྒྱ་ཆེའི་འཛད་སྤྱོད་པའི་གཟུགས་གཞི་བདེ་ཐང་ལ་མི་བལྟོས་པའི་བྱེད་སྤྱོད་དེས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཀྱི་སྤྱི་ཕན་ཁེ་ཕན་ལ་གནོད་འཚེ་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།