[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • སྐྱེས་པ་ཞིག་གིས་ཆང་འཐུང་འཁོར་གཏོང་དང་མི་དམངས་ཉེན་རྟོག་པར་ངན་སྨྲས་བྱས་པས་ཉིན་བཅུ་བཀག་ཉར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-23

    ཟླ་4ཚེས་13ཉིན་གྱི་དགོང་མོ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་ལམ་མདོ་ཞིག་ཏུ་འགྲིམ་འགྲུལ་ལས་འཛོལ་ཞིག་ཐོན་ཞིང་། SUVརླངས་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཤིག་རྡུང་ཁ་ཤོར་རྗེས་SUVརླངས་འཁོར་གྱི་ཁ་ལོ་བས་གནས་ཚུལ་ཐོན་ཡུལ་ནས་བྲོས། འགྲིམ་འགྲུལ་ཉེན་རྟོག་པས་བརྟག་ཞིབ་བྱས་རྗེས་SUVརླངས་འཁོར་གྱི་ཁ་ལོ་བར་ཁ་པར་རྒྱག་སྐབས་ཁོ་པས་ངན་སྨྲས་བྱས་ཡོད། མུ་མཐུད་བརྟག་ཞིབ་བྱས་པ་བརྒྱུད་ལས་འཛོལ་བཟོ་མཁན་ཁ་ལོ་བས་ཆང་འཐུང་འཁོར་གཏོང་བྱས་ཡོད།

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་གནས་ཚུལ་ཐོན་ཡུལ་དུ་སྐྱོད་པ་དང་འབྲེལ་ལས་འཛོལ་བཟོ་མཁན་ཁ་ལོ་བ་ཡུས་ཆེ་གེ་མོའི་ཆ་འཕྲིན་རྩད་ཞིབ་བྱས། དེ་རྗེས་མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དུ་ཐག་གཅོད་དང་ལེན་བྱེད་པར་ཡོང་རྒྱུའི་ཁ་པར་བརྒྱབ། ཁ་པར་བརྒྱབ་པའི་བརྒྱུད་རིམ་ནང་ཆང་བཏུང་འཁོར་གཏོང་བྱེད་མཁན་ཡུས་ཆེ་གེ་མོས་མི་དམངས་ཉེན་རྟོག་པའི་ལས་དོན་ལ་གཞོགས་འདེགས་བྱ་རྒྱུ་ལྟ་ཅི། ད་དུང་མི་དམངས་ཉེན་རྟོག་པར་ཚིག་ངན་ཐེངས་མང་བཤད།

    སྐབས་དེ་དུས་མི་དམངས་ཉེན་རྟོག་པས་ཡུས་ཆེ་གེ་མོའི་རླངས་འཁོར་འདྲ་པོ་ཞིག་སྣེའུ་ཁུལ་གསར་དུ་སྐོར་བ་རྒྱག་པ་དང་འབྲེལ་ལས་འཛོལ་ཐོན་ཡུལ་དུ་ཐེངས་མང་ཡོང་བ་ཤེས། གནས་ཚུལ་དེར་གཞིགས་ནས་མི་དམངས་ཉེན་རྟོག་པས་ལམ་སེང་རླངས་འཁོར་ཁ་བཀག་པ་དང་རླངས་འཁོར་དེ་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་རླངས་འཁོར་དེ་དང་། རླངས་འཁོར་གཏོང་མཁན་ཡུས་ཆེ་གེ་མོ་ཡིན་པ་ཤེས། དེ་རྗེས་ཡུས་ཆེ་གེ་མོ་བཙན་ཤེད་ཀྱིས་སྣེའུ་རུ་ཆེན་དུ་ཁྲིད་དེ་ཨ་རག་བཏུང་ཡོད་མེད་བརྟག་དཔྱད་བྱེད་སྐབས་ཁོ་པས་ཨ་རག་བཏུང་པའི་རྟགས་ཐོན་ཡོད།

    འདྲི་རྩད་བྱས་པ་བརྒྱུད་ཡུས་ཆེ་གེ་མོས་རང་ཉིད་ཀྱིས་མི་དམངས་ཉེན་རྟོག་པར་ཚིག་ངན་བཤད་པ་དང་མི་དམངས་ཉེན་རྟོག་གི་ལས་ཀར་གཞོགས་འདེགས་བྱས་མེད་པའི་ཁྲིམས་འགལ་གྱི་དོན་དངོས་ཁས་ལེན་བྱས་ཡོད། མིག་སྔར་ཡུས་ཆེ་གེ་མོ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས་ཁྲིམས་བཞིན་ལས་འགན་སྒྲུབ་སྐབས་འགོག་རྐྱེན་བཟོས་པའི་རྐྱེན་གྱིས་སྣེའུ་ཁུལ་གསར་སྤྱི་བདེ་ལས་ཁུངས་སུ་སྲིད་འཛིན་བཀག་ཉར་ཉིན་10བྱས་ཡོད། ཡུས་ཆེ་གེ་མོས་ཆང་འཐུང་འཁོར་གཏོང་བྱས་ནས་བྲོས་ཕྱིན་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་མུ་མཐུད་ཞིབ་བཤེར་བྱེད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།