[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • གཞིས་རྩེ་གྲོང་ཁྱེར་གྱིས།

    གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་གུན་གསབ་རྩོད་གཞིའི་མི་དམངས་འདུམ་འགྲིག་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

     ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་དམངས་དོན་གནོད་འཚེའི་གུན་གསབ་རྩོད་གཞིའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས“གཞི་རིམ་ལ་ཕྱོགས་པ་དང་མང་ཚོགས་ལ་སྟབས་བདེ་སྐྲུན་པའི”ཞབས་ཞུའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ལས་ཀའི་ཁྲོད“ཡོངས་བསྒྲགས་དང་། འདྲ་མཉམ། དྲང་བཞག”བཅས་ཀྱི་རྩ་དོན་གཞིར་བཟུང་། འགྲིམ་འགྲུལ་ལས་འཛོལ་གྱི་རྩོད་གཞི་ཚང་མ་ནན་ཏན་ངང་ཞིབ་བཤེར་ཐག་གཅོད་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩོད་གཞི་འདུམ་འགྲིག་བྱེད་གང་ཐུབ་བྱས་པ་དང་། རང་ངོས་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ་གསར་གཏོད་རྣམ་པའི་ལས་དོན་སྤེལ་བས་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འདུམ་འགྲིག་ཨུ་ཡོན་ལྷན་ཁང་བཙུགས་ཚུན་ལས་འཛོལ་རྩོད་གཞི་ཁག་316འདུམ་འགྲིག་བྱས་པས་འདུམ་འགྲིག་བྱེད་ཚད་100%ཟིན་པ་དང་གྲོས་མཐུན་ལག་བསྟར་བྱེད་ཚད་100%ཟིན་ཡོད་པ་རེད།

    རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ལས་ཀའི་ཕན་འབྲས་འགན་ལེན་བྱས་པ། ལས་འཛོལ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་མི་དམངས་མང་ཚོགས་ཀྱི་རང་ངོས་དོ་དམ་དང་། རང་ངོས་ཞབས་ཞུ། རང་ངོས་གཅུན་འདོམས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། དོ་བདག་ལ་ངང་རྒྱུད་རིང་པོས་གནས་ལུགས་འགྲེལ་བཤད་བརྒྱབ་སྟེ་འགལ་བ་དང་རྩོད་གཞི་ཚང་མ་ནན་ཏན་ངང་བསལ་ཡོད།

    ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་ནས་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་བ། ལས་འཛོལ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ལས་འཛོལ་འདུམ་འགྲིག་ལས་ཀའི་བསམ་ཕྱོགས་གསར་གཏོད་ཧུར་ཐག་བྱས་པ་དང་། ལས་འཛོལ་འདུམ་འགྲིག་གི་ལས་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བྱས་ནས། ཟླ་བ་མི་རེ་ངོ་རེར་ཕན་ཚུན་དཔྱད་གདེང་ཀྱི་བྱ་ཐབས་སྤྱད་དེ་ཧེ་བག་འཚོལ་ཞིབ་བྱས་ཤིང་། ཕྱོགས་གཉིས་ཀའི་གྱོད་སྒྲུབ་འཇོན་ཐང་མཐོ་རུ་སོང་ཡོད། ས་ཁུལ་གཞན་དུ་རྟོག་ཞིབ་དང་སློབ་སྦྱོང་ལ་མི་སྣ་ཆེད་དུ་མངགས་ནས་ལས་ཀའི་བྱེད་ཐབས་བཟང་པོ་དང་ལེན་དང་སློབ་སྦྱོང་བྱེད་པར་བཏང་བ་རེད།

    ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འཁོར་སྐྱོད་བྱེད་སྟངས་ཚད་ལྡན་ཁ་གསལ་བཟོས་པ། སྒྲིག་སྲོལ་དང་ལམ་ལུགས་བཟོ་རྒྱུ་ནི་ལས་དོན་སྤེལ་བའི་རྨང་གཞི་ཞིག་ཡིན། མིག་སྔར་ལས་འཛོལ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུའི་སློབ་སྦྱོང་ལམ་ལུགས་དང་། སྙན་སེང་གོང་ཞུའི་ལམ་ལུགས། ལས་གནས་འགན་འཁྲིའི་ལམ་ལུགས། ཆ་འཕྲིན་གོང་ཞུའི་ལམ་ལུགས། རྩོད་གཞི་ཐོ་འགོད་ལམ་ལུགས། ཡིག་ཚགས་དོ་དམ་ལམ་ལུགས་སོགས་སྒྲིག་སྲོལ་དང་ལམ་ལུགས་མང་པོ་བཟོས་ནས་ལམ་ལུགས་འཐུས་ཚང་དང་དོ་དམ་ཚད་ལྡན་ཡོང་བ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།