[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཚོང་ལས་ལྐོག་ཟའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-18

    ཟླ་7ཚེས་18ཉིན། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ལ་མང་ཚོགས་ཀྱི་ཐེར་འདོན་ཞིག་འབྱོར་བ་སྟེ། ཀུང་སི་ག་གེ་མོ་ཞིག་གིས་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་སྣེ་ཤན་པར་བར་དངུལ་སྤྲད་དེ་ཚོང་ལས་ལྐོག་ཟའི་དོགས་གཞི་ཡོད་ལུགས་བརྗོད་པ་རེད། ཟླ་7ཚེས་19ཉིན། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་འགོ་ཁྲིད་གཙོ་བོའི་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་གཞིར་བཟུང་། ཁེ་ལས་དེར་དཔྱད་བཤེར་བྱེད་སྐབས། ཀྲུང་སི་འདིས་ཚོང་གཉེར་གྱི་གོ་སྐབས་དེ་བས་མང་བ་ཡོང་ཆེད། ཡུལ་སྐོར་ལས་དོན་ཁང་དང་། ཡུལ་སྐོར་སྣེ་ཤན་པ། དེ་བཞིན་ཡུལ་སྐོར་བ་དངོས་ཟོག་ཉོ་བར་འཁྲིད་མཁན་བཅས་ལ་བར་དངུལ་སྤྲོད་ཀྱི་ཡོད་པ་མ་ཟད། བར་དངུལ་སྤྲོད་པའི་གནས་ཚུལ་རྩིས་ཐོར་བཀོད་མེད་ལ་འཛད་སྤྱོད་པར་ཡང་ཡོངས་བསྒྲགས་དང་གསལ་སྟོན་བྱས་མེད་པ་ཤེས་རྟོགས་བྱུང་བ་རེད། ཁྲིམས་བསྟར་མི་སྣས་ས་གནས་ས་ཐོག་ནས་འབྲེལ་ཡོད་ཀྱི་དཔང་རྟགས་བླངས་པ་དང་འབྲེལ། ཀུང་སིའི་འགན་འཁུར་མི་སྣར་འདྲི་རྩད་དང་བརྟག་དཔྱད་བྱས་རྗེས། ཀུང་སི་དེར་ཚོང་ལས་ལྐོག་ཟའི་གནས་ཚུལ་དངོས་ཡོད་པ་ར་སྤྲོད་བྱུང་། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་གྱོད་གཞི་ཞིབ་བཤེར་ཨུ་ལྷན་གྱིས་གྲོས་བསྡུར་བྱས་པ་བརྒྱུད། ཁྲིམས་འགལ་ངང་བྱུང་བའི་སྒོར་ཁྲི་9.4གཞུང་བཞེས་དང་དངུལ་ཆད་སྒོར་ཁྲི་10ཡི་སྲིད་འཛིན་ཆད་པ་གཅོད་རྒྱུའི་ཐག་གཅོད་བྱས་པ་རེད།

    ད་ཐེངས་ཀྱི་ཚོང་ལས་ལྐོག་ཟའི་གྱོད་གཞི་སྒྲུབ་པའི་བརྒྱུད་རིམ་ནང་། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་དུས་བདེ་བརྟན་ལྷིང་སྲུང་བའི་སྤྱི་ཡོངས་ནས་འགོ་འཛུགས་ས་བྱས་ཏེ་ཁྲིམས་བཞིན་སྲིད་འཛིན་ནན་པོ་བྱེད་པ་དང་དམ་ལྷོད་ཟུང་འབྲེལ་གྱི་རྩ་དོན་གཞིར་བཟུང་། ཚོང་ལས་ལྐོག་ཟ་བཅོས་སྒྲིག་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་གཅིག་གྱུར་ནུས་ལྡན་ཡོང་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་1ཚེས་1ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》གསར་པ་བཟོ་བཅོས་བརྒྱབ་ནས་ལག་ལེན་བསྟར་ཚུན། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ཚོང་ལས་ཀྱི་ལྐོག་ཟའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དེ་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་བསྟར་གྱི་ཕྱོགས་གལ་ཆེན་ཞིག་ལ་བརྩིས་ནས་གཙོ་གནད་ཁ་གསལ་བཟོས་པ་དང་ནུས་ཤུགས་ཆེ་རུ་བཏང་ནས་གྱོད་དོན་ཧུར་ཐག་བསྒྲུབས་པ་རེད། ད་ལྟ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》གསར་པ་གཞིར་བཟུང་། ཞིབ་བཤེར་ཐག་གཅོད་བྱས་པའི་ཚོང་ལས་ཀྱི་ལྐོག་ཟའི་གྱོད་གཞི་ཐོག་མ་དེ་གྱོད་མཇུག་འགྲིལ་བ་མ་ཟད། ཆད་གཅོད་དང་སློབ་གསོ་ཕན་ཚུན་ཟུང་འབྲེལ་དང་ཚད་ལྡན་དང་ཁྲིད་སྟོན་ཕན་ཚུན་ཟུང་འབྲེལ་བྱས་པར་ཕན་འབྲས་ཡག་པོ་ཐོན་པ་དང་ཡུལ་སྐོར་ཟོག་ཉོའི་ཁྲོམ་རའི་ཚད་གཞིར་ཉེན་ཟོན་གྱི་ནུས་པ་བཟང་པོ་ཐོན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་དྲན་སྐུལ།

    ཡུལ་སྐོར་སྣེ་ཤན་པ་དང་ཉོ་སྒྲུབ་སྣེ་ཤན་པས་འགྲེལ་བཤད་མང་པོ་བརྒྱབ་པར་ལམ་སེང་ཡིད་ཆེས་བྱ་རྒྱུ་མེད་ལ་གོང་ཚད་མཐོ་བའི་དངོས་ཟོག་གང་བྱུང་དུ་ཉོ་རྒྱུ་མེད། གལ་ཏེ་ཡུལ་སྐོར་བྱེད་པའི་སྐབས་བཙན་ཉོ་བཙན་ཚོང་གི་གནས་ཚུལ་དང་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའམ་ཡང་ན་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་ཕོག་ཚེ་ངེས་པར་དུ་གོང་ཞུ་ཐེར་འདོན་གྱི་ཐད་སྦྲེལ་ཁ་པར་12315ལ་ཁ་པར་རྒྱག་པའམ་ཡང་ན་རྒྱལ་ཡོངས་ཀྱི་12315དྲ་སྦྲེལ་ལས་སྟེགས་བརྒྱུད་ཁེ་དབང་སྲུང་ཐབས་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།