[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • ལོ་གསར་གཏོང་སྐབས་ཀྱང་ངལ་གསོ་རྒྱག་ཁོམ་མེད་པའི་རྐུན་པོ་གཉིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    གྲོང་མི་ཚོ་ད་དུང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་རྣམ་པ་ཟབ་མོའི་ཁྲོད་དབྱིངས་ཞུགས་ནས་སྡོད་སྐབས་རྐུན་པོ་འགའ་ཤས་ཀྱིས་ལོ་གསར་པར་བྱ་ངན་སྤེལ་འགོ་བཙུགས་ཡོད།

    ཟླ་2ཚེས་5ཉིན་གྱི་ཆུ་ཚོད་9པ་ཙམ་ལ། ལྷ་ས་གྲོང་ཁྱེར་གླིང་བརྒྱུད་ལམ་གྱི“བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཉེན་སྤྱོད་སྒྲིག་ཆས་དང་ཡོ་བྱད་བཀོད་སྒྲིག་ལྟེ་གནས་ཀྱི་ཚོང་ཁང”ལ་རྐུ་ཤོར་བ་དང་ཉེས་གསོག་དོགས་ཅན་གྱིས་སྒོ་བཅག་ནས་ཁང་པའི་ནང་འཛུལ་ཏེ་དངུལ་སྨར་སྒོར་ཁྲི་2ལྷག་ཙམ་དང་ཉེན་སྤྱོད་བྱ་སྤུའི་སྟོད་ཐུང་དང་། ཁྲིམས་སྐྱོང་ཟིན་ཐོ་འགོད་ཆས། དམིགས་བསལ་ཉེན་རྟོག་གི་དམག་སྦྱོང་ལྷམ་སོགས་ཉེན་རྟོག་སྤྱོད་ཆས་མང་པོ་ཞིག་བརྐུས་ཤིང་། དེ་དག་གི་གྱོད་འབྲེལ་རིན་གོང་བསྡོམས་སྒོར་26000ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    ཉེས་གསོག་དོགས་ཅན་གང་མགྱོགས་བཟུང་སྟེ་ཉེན་རྟོག་སྤྱོད་ཆས་སྤྱད་དེ་ཕྱིར་གཡོ་སྒྱུ་ཁྲམ་གསུམ་བྱ་རྒྱུ་བཀག་འགོག་བྱ་ཆེད། གྱོད་གཞི་ཐོན་རྗེས་ལྷ་ས་གྲོང་ཁྱེར་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་འཕྲལ་མར་ཉེན་རྟོག་པ་ཧྲག་གྲས་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་གྱོད་གཞི་མྱུལ་ཞིབ་ལས་དོན་སྤེལ་བ་དང་མྱུལ་ཞིབ་མི་དམངས་ཉེན་རྟོག་པའི་འབད་བརྩོན་ལྷོད་མེད་འོག་གྱོད་གཞི་དེའི་ཉེས་གསོག་དོགས་ཅན་གཉིས་ཀྱི་ནང་ནས་ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོ་གྲུབ་འབྲས་ཐོན་པའི་ངང་གཏན་འཁེལ་བ་རེད། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་འཕྲལ་མར་བསྟན་ཆེ་གེ་མོའི་འཚོ་བའི་གོམས་གཤིས་གཞིར་བཟུང་སྐྱིད་རས་མངགས་གཏོང་ཁང་དང་མཉམ་འབྲེལ་བྱས་ཏེ་འཛིན་བཟུང་བྱ་སྤྱོད་སྤེལ་བ་དང་ཉིན་དེའི་ཆུ་ཚོད་21ཙམ་ལ་ལྷ་ས་གྲོང་ཁྱེར་ཟངས་གཡག་ཐང་ཆེན་ཉེ་འགྲམ་ནས་ཁོ་པ་དང་ཁོ་པའི་ངན་རོགས་བསམ་ཆེ་གེ་མོ་བཟུང་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད་ཟླ་2ཚེས་4ཉིན་གྱི་ཆུ་ཚོད་22ཙམ་ལ། ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོས་ཟངས་གཡག་ཐང་ཆེན་གྱི་ཉེ་འགྲམ་དུ་ཐང་ཆེན་ཞབས་བྲོ་འཁྲབ་སྐབས་ཁོ་པའི་གྲོགས་པོ་བསམ་ཆེ་གེ་མོ་དང་ཐུག་ནས་ཁོ་གཉིས་ཀྱིས་རྒྱུ་ནོར་ཧམ་ལེན་བྱ་ཆེད། བསམ་ཆེ་གེ་མོས་རྐུ་རྒྱག་རྒྱུའི་གྲོས་འགོ་བཏོན་པ་དང་བསམ་འཆར་གཅིག་མཐུན་བྱུང་རྗེས་རྐུ་མ་རྒྱག་ཡུལ་བཙལ། ཁོ་གཉིས་ཀྱིས་རྐང་ཐང་མར་གླིང་བརྒྱུད་ལམ་གྱི“བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཉེན་སྤྱོད་སྒྲིག་ཆས་དང་ཡོ་ཆས་བཀོད་སྒྲིག་ལྟེ་གནས་ཀྱི་ཚོང་ཁང”བརྒྱུད་སྐབས་ཁོ་གཉིས་ཀྱིས་སྒོ་བཅག་ནས་ཁང་པའི་ནང་འཛུལ་ཏེ་ཚོང་ཁང་ནང་གི་དངུལ་སྨར་སྒོར་ཁྲི་2ལྷག་ཙམ་དང་དེ་བཞིན་འབྲེལ་ཡོད་དངོས་པོ་བརྐུས་རྗེས་མགྱོགས་མྱུར་ས་གནས་ས་ཐོག་ནས་བྲོས་པ་མ་ཟད། བཙོག་དངུལ་དང་བཙོག་དངོས་བགོ་བཤའ་བརྒྱབ་པ་རེད།

    མིག་སྔར་ཉེས་གསོག་དོགས་ཅན་བསམ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོར་ནད་གཞི་ཚབས་ཆེན་ཕོག་པའི་དབང་གིས་བཀག་ཉར་བྱ་རྒྱུར་འཚམ་པོ་མེད་སྟབས་ཁྲིམས་ལྟར་ཁག་ཁྱེར་བཀའ་སྒུག་བྱས་ཏེ་བསྡད་ཡོད་ཅིང་། མིག་སྔར་རྐུ་བརྒྱབ་པའི་བཙོག་དངུལ་སྒོར་15176དང་ཉེན་རྟོག་སྤྱོད་ཆས་ཚང་མ་ཚུར་བླངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།