[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • ལྷ་ས་གྲོང་ཁྱེར་མི་སྤྱི་སྡེ་ཚན་གྱིས།

    ངལ་རྩོལ་མི་དོན་གྱི་རྩོད་གཞིའི་གྱོད་གཞི་དང་འབྲེལ་བར“གེགས་མེད་བགྲོད་ལམ”ཤར་གཏོང་ཐུབ་པ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-27

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ཁང་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་མི་སྤྱི་སྡེ་ཚན་གྱིས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་ངལ་རྩོལ་ཐོབ་ཆའི་རྩོད་གླེང་དང་ངལ་རྩོལ་མི་དོན་གྱི་རྩོད་གླེང་གྱོད་གཞི་ཁྲིམས་བཞིན་མགྱོགས་མྱུར་ཐག་གཅོད་བྱས་ནས“གེགས་མེད་བགྲོད་ལམ”ཤར་གཏོང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཞིང་པ་ལས་མིས་གླ་ཆ་ལེན་པའི་ངལ་རྩོལ་ཐོབ་ཆའི་རྩོད་གླེང་གྱོད་གཞི་དང་གྱོད་གཞི་བདག་སྤྲོད་ཀྱི་ཆ་རྐྱེན་མཐུན་རིགས་ཚང་མ་རང་འགན་གཞན་དཀྲི་དང་ནར་འགྱངས་མི་བྱེད་པར་ཉིན་དེ་གར་གྱོད་དོན་ཐོ་འགོད་དང་ཞིབ་དཔྱད་ཐག་གཅོད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ངལ་རྩོལ་མི་དོན་གྱི་རྩོད་གཞི་དང་འབྲེལ་བའི་གྱོད་གཞིར“གེགས་མེད་བགྲོད་ལམ”ཤར་གཏོང་བྱས་ནས་དོ་བདག་གི་ཞུ་འབོད་ཉུང་དུ་བཏང་བ་རེད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། འདི་ལོའི་ཟླ་དང་པོ་ནས་བཟུང་། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གྱོད་དོན་ཐོ་འགོད་དང་བདག་སྤྲོད་ཁྱོན་14བྱས་པར་མི་གྲངས་14དང་། དངུལ་འབོར་ཁྲི་313.5དང་འབྲེལ་བ་ཡོད་པས། གྱོད་གཞི་11གྱོད་ཐག་བཅད་དེ་ངལ་རྩོལ་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་210ལྷག་ཙམ་མི་ཕོག་པ་བྱས་པ་མ་ཟད། མི་ཐེངས་101ཟིན་པའི་ཞིང་པ་ལས་མིའི་བཅའ་ཁྲིམས་བློ་འདྲིར་ལས་དོན་པས་དང་ལེན་དང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་གྱོད་གཞི་8འདུམ་འགྲིག་ཐག་གཅོད་བྱས་ནས་རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ“དུས་ཆེན་གཉིས”རིང་གི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་དང་། ངལ་རྩོལ་འབྲེལ་བ་ཞི་མཐུན་གོང་འཕེལ་ཡོང་བ། ཞིང་པ་ལས་མིའི་གླ་ཆ་གཞི་རྩའི་ཆ་ནས་ཆད་ལུས་མེད་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།