[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • ཨང་གྲངས་རྫིག་པོར་རྔམ།ཁྲི་བརྒྱད་ཆུ་ལ་བསྐུར།

    ལོ་གསར་འཆར་ཉེའི་མཚམས་སུ་གློག་འཕྲིན་ཁ་བསླུས་སྣ་ཚོགས་ལ་དོགས་ཟོན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-23

    ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ཁ་པར་གྱི་དངུལ་ཆད་འདུག་ཟེར་བ་དང་སྤྱི་བདེའི་མི་སྣར་རྫུས་ནས་ཡིན་ཁུལ་སོགས་ཀྱི་ཁ་བསླུས་རྒྱག་མཁན་མང་པོ་ཐོན་བཞིན་ཡོད། ཟམ་མི་ཆད་པར་ཐོན་པའི་གློག་འཕྲིན་གྱི་ཁ་བསླུས་དེ་དག་ཁྱེད་ཀྱིས་གོ་མྱོང་ངམ། གནས་ཚུལ་དེ་རིགས་འཕྲད་མྱོང་ངམ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚུའེ་ཡུན་ཧྲེང་གིས“ལོ་གསར་གཏོང་གྲབས་ཡོད་པས་ཉོ་སྒྲུབ་ལས་སྟེགས་སྣ་ཚོགས་སུ་ལོ་གསར་མཁོ་ཆས་འཚོང་འགོ་ཚུགས་ཡོད། ཉིན་ཤས་གོང་ང་ཚོར་ཉིན་གཅིག་ལ་ཐའོ་པའོ་ཡི་ཞབས་ཞུ་བ་ཡིན་ཁུལ་གྱིས་གློག་འཕྲིན་ཁ་བསླུས་བརྒྱབ་པའི་ཁུངས་སྣེ་ཁག་4འབྱོར་བྱུང”དེར་བརྟེན་གྲོང་མི་ཚོས་དྲ་ཐོག་ཉོ་ཚོང་ལས་སྟེགས་དང་མེ་འཁོར་དང་གནམ་གྲུའི་པ་སེ་སོགས་ཀྱི་ཁ་བསླུས་རིགས་ལ་དོགས་ཟོན་བྱས་ཏེ་མགོ་སྐོར་མ་ཐེབས་པ་བྱེད་དགོས། གལ་ཏེ་གློག་འཕྲིན་ཁ་བསླུས་གནད་དོན་འཕྲད་ཚེ་དུས་ཐོག་ཏུ་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་ཆོག་ཅེས་བཤད།

    ངོ་སོའི་ཆེད་དུ་ཨང་གྲངས་རྫིག་པོ་ཉོས་པས་སྐད་འཕྲིན་ཐོག་ནས་སྒོར་ཁྲི་8ཁ་བསླུས་བརྒྱབ་པ།

    ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ། 2017ལོའི་ཟླ་9ཚེས་5ཉིན། ལྟེ་གནས་དེར་གྲོང་མི་ལི་ཆེ་གེ་མོའི་སྙན་སེང་འབྱོར་ནས་རང་ཉིད་ཀྱི་སྒོར་ཁྲི་8ཁ་བསླུས་བརྒྱབ་སོང་ཞེས་བཤད། མི་དམངས་ཉེན་རྟོག་པའི་རོགས་རམ་འོག་གྲོང་མི་དེས་འབྲེལ་ཡོད་ཀྱི་དངུལ་བསྐུར་བའི་དཔང་འཛིན་འཁྱེར་ནས་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་ཡོང་།

    ལི་ཆེ་གེ་མོས་སྐད་འཕྲིན་ཐོག་ནས་དངུལ་བསྐུར་བ་ཞིག་ཡིན་པས་དངུལ་དེ་དག་ཚུར་ལེན་ཐབས་མེད་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་འབྲེལ་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་སྟེ། ལི་ཆེ་གེ་མོས་ཁོམ་པ་ཡོད་དུས་སྐད་འཕྲིན་ཐོག་གི“ཉེ་འགྲམ་གྱི་མི”འཚོལ་བའི་བྱེད་ནུས་སྤྱད་དེ་ལྟ་སྐབས་མི་ཞིག་གི་མིང་ལ“ཨང་གྲངས་རྫིག་པོ་8888དང་། 9999 2345སོགས་སྣ་ཚོགས་འཚོང་གི་ཡོད”ཅེས་བྲིས་ཡོད་པ་མཐོང་། དེས་ན་ཁོ་པས་མི་དེ་དང་འབྲེལ་བ་བྱས། སྐད་འཕྲིན་བརྒྱུད་ཨང་གྲངས་རྫིག་པོ་འཚོང་མཁན་ཞུང་ཆེ་གེ་མོས་ལི་ཆེ་གེ་མོར་རང་ཉིད་ལ“ཨང་གྲངས་རྫིག་པོ”མང་པོ་ཡོད་པས་ཉོ་འདོད་ན་གྲོས་བསྡུར་བྱེད་ཆོག་ཅེས་བཤད་པ་མ་ཟད་ལི་ཆེ་གེ་མོར་བསྐུར་བའི་ཨང་གྲངས་རྣམས“8888དང་། 9999 2345ལ་སོགས”ཤ་སྟག་ཡིན་པ་རེད། ལི་ཆེ་གེ་མོ་ལྷ་སར་ཚོང་རྒྱག་གི་ཡོད་པས་ཨང་གྲངས་རྫིག་པོ་ཡོད་ན་ངོ་སོ་ཆེ་སྙམ་ནས་ཉོ་རྒྱུའི་ཐག་བཅད།

    དེ་ལྟར་ལི་ཆེ་གེ་མོས་ཁྱོན་བསྡོམས་ཨང་གྲངས་རྫིག་པོ་5ཉོས་པ་དང་། སྐད་འཕྲིན་བརྒྱུད་སྒོར་ཁྲི་8ལྷག་ཙམ་བསྐུར། ལི་ཆེ་གེ་མོར་ཨང་གྲངས་རྫིག་པོ་དེ་དག་ལག་འབྱོར་བྱུང་མོད། ཡིན་ནའང་ཨང་གྲངས་དེ་དག་ཚང་མ་བེད་སྤྱོད་བཏང་མེད་པའི་ཨང་གྲངས་སྤྱིར་བཏང་ཤ་སྟག་ཡིན་པས་ལི་ཆེ་གེ་མོ་ཁོང་ཁྲོ་ཆེན་པོ་ལངས་ཏེ་གྱོད་དོན་སྙན་སེང་ཞུས་པ་རེད། འབྲེལ་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་བྱས་རྗེས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་འབྲེལ་ཡོད་ཀྱི་བྱ་ཐབས་བརྒྱུད་ཞུང་ཆེ་གེ་མོ་ལྷ་སར་བསྡད་ཡོད་པ་ཤེས།

    ཁུངས་སྣེ་གཞིར་བཟུང་། མི་དམངས་ཉེན་རྟོག་པས་ཨང་གྲངས་གཱ་སྐྱེལ་བར་ཡོང་མཁན་དེ་བཙལ་བ་དང་། ཁོ་པ་ནི་ཏི་ཏི་རླངས་འཁོར་གྱི་ཁ་ལོ་བ་ཡིན་པ་ཤེས། ཁོ་པས་མི་དམངས་ཉེན་རྟོག་པར་ཕ་རོལ་པོས་རང་ཉིད་ཀྱི་རླངས་འཁོར་སྐད་བཏང་སྟེ་ལི་ཆེ་གེ་མོར་ཨང་གྲངས་དེ་དག་སྐྱེལ་བར་བཏང་བྱུང་། ཞུང་ཆེ་གེ་མོའི་རྣམ་པ་གང་འདྲ་ཡོད་མེད་དང་དེའི་ཁ་པར་ཨང་གྲངས་གང་ཡིན་པ་སོགས་གཞི་རྩའི་གནས་ཚུལ་ཅི་ཡང་ཤེས་ཀྱི་མེད་ཅེས་བརྗོད། དེ་རྗེས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་འབྲེལ་ཡོད་ཀྱི་བྱ་ཐབས་བརྒྱུད་ཞུང་ཆེ་གེ་མོས་དངུལ་ལེན་འཕྲུལ་ཆས་ནས་དངུལ་བླངས་པའི་འབྲེལ་ཡོད་ཆ་འཕྲིན་ཤེས་པ་དང་ཞུང་ཆེ་གེ་མོ་ནི་ལི་ཆེ་གེ་མོར་ཁ་བསླུས་རྒྱག་མཁན་གྱི་དོགས་ཡོད་མི་སྣ་དེ་ཡིན་པར་གཏན་འཁེལ་བྱས། འབྲེལ་ཡོད་ཀྱི་དཔང་རྟགས་གཞིར་བཟུང་མི་དམངས་ཉེན་རྟོག་པས་ཞུང་ཆེ་གེ་མོ་བདེ་བླག་ངང་འཛིན་བཟུང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།