[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • རྐུན་བུ་མཐེབ་དྲས་ལ་དོགས་ཟོན་བྱེད་ཐབས་ཀྱི་རྒྱུན་ཤེས་ཆུང་ངུ་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-23

    ● བཟའ་འཐུང་སྐབས་དོ་སྣང་བྱེད་དགོས་པ།

    ཟ་ཁང་ནང་མཐེབ་དྲས་རྒྱག་མཁན་གྱིས་ཁ་ལག་ཟ་མཁན་ལ་བརྫུས་ཏེ་དོ་བདག་གི་རྒྱབ་ཏུ་སྡོད་པ་དང་མི་གཞན་སྣང་བ་གཡེང་བའི་སྐབས་དང་བསྟན་ནས་དོ་བདག་གི་རྒྱབ་ནས་སྟོད་ཐུང་གི་ཁུག་མའི་ནང་ལག་པ་རྐྱོང་བའམ་ཡང་ན་དོ་བདག་གི་ལྟོ་ཕད་ཀྱི་འཐེན་སྒྲོག་ཕྱེ་ནས་རྒྱུ་དངོས་རྐུ་ཡི་ཡོད། ལོ་མཇུག་ཏུ་འཛོམས་འདུས་བྱེད་མང་བའི་དུས་ཡིན་ཞིང་། ཟ་ཁང་དུ་དུ་འཛུལ་མ་ཐག་ལམ་སེང་རང་ཉིད་ཀྱི་སྟོད་གོས་རྐུབ་སྟེགས་ཀྱི་རྒྱབ་ལ་བཀལ་ནས་བཟའ་བཏུང་བྱེད་པས་སྣང་བ་གཡེང་ཚེ་རྐུབ་སྟེགས་རྒྱབ་ལ་བཀལ་པའི་རྒྱུ་དངོས་དག་གཞན་གྱིས་རྐུ་སླ་པོར་གྱུར་ཡོད།

    ● འགྲོ་སྐྱོད་སྐབས་དོ་སྣང་བྱེད་དགོས་པ།

    སྤྱི་སྤྱོད་རླབས་འཁོར་བབས་ཚུགས་སུ་མཐེབ་དྲས་རྒྱག་མཁན་གྱིས་མི་ཚོགས་ཁྲོད་འཚངས་ནས་རླངས་འཁོར་ལ་སྡོད་མཁན་གྱིས་རླངས་འཁོར་གྱི་སྒོ་ཁར་འགྲོ་བའམ་ཡང་ན་རླངས་འཁོར་ལ་འཚང་ག་རྒྱག་པའི་སྐབས་དང་བསྟུན་ཏེ་རླངས་འཁོར་ནང་སྡོད་མཁན་གྱི་སྟོད་ཐུང་དང་གོས་ཐུང་ནང་ལག་པ་བརྐྱངས་ནས་དངུལ་ཁུག་དང་ལག་ཐོགས་ཁ་པར་རྐུ་བའམ་ཡང་ན་ལྟོ་ཕད་ཀྱི་འཐེན་སྒྲོག་ཕྱེ་སྟེ་དངུལ་རྐུ་ཡི་ཡོད། རྐུན་མ་བརྐུ་མང་བའི་དུས་ནི་སྔ་དགོང་གི་ལས་ཀ་ཚུགས་གྲོལ་སྐབས་ཡིན་པས་མཐེབ་དྲས་རྒྱག་མཁན་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་སྒོ་ནས་ཡར་མར་འབབ་མཁན་ལ་རྐང་བཙུགས་ནས་འཚང་ཁ་བརྒྱབ་ནས་ཟང་ཟིང་གི་རྣམ་པ་བཟོས་ཏེ་ཟིང་ལངས་པ་དང་བསྟུན་ནས་རྐུན་མ་བརྐུ་གི་ཡོད།

    ● ཅ་དངོས་ཉོ་སྐབས་དོ་སྣང་བྱེད་དགོས་པ།

    མཐེབ་དྲས་རྒྱག་མཁན་ཁག་གཅིག་གིས་གཞན་གྱི་རྗེས་སུ་འབྲངས་ནས་དེའི་སྟོད་ཐུང་དང་གོས་ཐུང་དང་ལྟོ་ཕད་ལ་བསྡིགས་ཏེ་སྐུ་མགྲོན་ལྷོད་གཡེང་ཤོར་བའི་སྐབས་དང་བསྟུན་ནས་ལྟོ་ཕད་དང་ལག་ཐོགས་ཁ་པར་བརྐུས་ནས་མཐོང་སར་མེད་པར་གྱུར་གྱི་ཡོད། ཚལ་ཁྲོམ་དང་། སྒོ་རྩིས་ཚོང་ཁང་། ཚོང་ར་སོགས་མི་ཚོགས་དང་འཚང་ཁ་ཆེ་སར་མཐེབ་དྲས་རྒྱག་མཁན་འགྲོ་མང་བའི་ས་ཆ་ཡིན།

    ● ན་ཚ་བསྟེན་པར་འགྲོ་སྐབས་དོ་སྣང་བྱེད་དགོས་པ།

    ནད་པའམ་དེའི་ཁྱིམ་མིས་ཨང་ཀི་བཀག་སར་སྒུག་སྡོད་པ་དང་། ནད་དཔྱད་ཁང་དང་སྨན་ཁང་ལ་ན་ཚ་བསྟེན་པར་འགྲོ་སྐབས་དངུལ་སྨར་མང་པོ་འཁྱེར་གྱི་ཡོད། མཐེབ་དྲས་རྒྱག་མཁན་གྱིས་ནད་པའམ་ཡང་ན་ནད་སྐྱོང་བར་བརྫུས་ནས་ནད་པ་དང་དེའི་ཁྱིམ་མིས་སྨན་རིན་སྤྲོད་པ་དང་། རྫས་འགྱུར་བརྟག་དཔྱད་བྱེད་པ། སྨན་བཅོས་བྱེད་པའམ་ཡང་ན་འཚང་ཁ་བརྒྱབ་ནས་སྦང་སྒྲིག་པའི་སྐབས་དང་བསྟུན་ནས་རྐུན་མ་བརྐུ་གི་ཡོད། ལྷག་པར་དུ་བྱིས་པའི་སྨན་ཁང་གི་སྨན་པ་སྒུག་ས་དང་ཐང་ཆུ་སྒྲོག་སར་ཁྱིམ་བདག་འགས་ལྟོ་ཕད་རྐུབ་སྟེགས་ཐོག་བཞག་ནས་སྡོད་ས་ཟིན་གྱི་ཡོད། དེ་ནི་མཐེབ་དྲས་རྒྱག་མཁན་ལ་རྐུན་མ་བརྐུ་བའི་གོ་སྐབས་ཤིག་སྤྲད་པ་ཡིན་ལ། ཁྲག་བརྟག་དཔྱད་བྱ་ཡུལ་དུ་ནད་པས་ཁྲག་འཚག་སྐབས་སྟོད་ཐུང་ཕུད་ནས་དཔུང་པའི་ཐོག་བཀོན་པ་དེས་ཀྱང་མཐེབ་དྲས་རྒྱག་མཁན་ལ་རྐུན་མ་བརྐུ་བའི་གོ་སྐབས་སྤྲོད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།