[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • རི་བོ་ཆེ་རྫོང་ཁྲིམས་ཁང་གིས་ཁ་པར་བརྒྱབ་སྟེ་བཟའ་ཚང་དབར་གྱི་རྩོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་སྒོ་ནས་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    ཉེ་ཆར། རི་བོ་ཆེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁ་པར་བརྒྱབ་སྟེ་བཟའ་ཚང་དབར་གྱི་རྩོད་གཞི་ཞིག་གྲུབ་འབྲས་ཐོབ་པའི་སྒོ་ནས་འདུམ་འགྲིག་བྱས་ནས་ཐོར་ལ་ཉེ་བའི་བཟའ་ཚང་འཆམ་མཐུན་ཡོང་བ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞུ་སྦྱོར་སྔ་མ་སྒྲོལ་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོ་2009ལོའི་ཟླ་11པར་ངོ་ཤེས་ནས་དགའ་རོགས་སྒྲིག དུས་ཚོད་གང་ལ་གང་འཚམ་སོང་རྗེས་ཁོ་གཉིས་ཀྱིས་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལྟར། གཉེན་སྒྲིག་མཛད་སྒོ་གཟབ་རྒྱས་ཤིག་གཉེར་བ་མ་ཟད། མཉམ་དུ་འཚོ་བ་སྐྱེལ་འགོ་ཚུགས། འོན་ཀྱང་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་ལུགས་གང་ཡང་གཉེར་མེད། 2010ལོའི་ཟླ་8ཚེས་3ཉིན། ཁོ་གཉིས་ལ་ཕྲུ་གུ་ཞིག་སྐྱེས། ཡིན་ན་ཡང་གཉེན་སྒྲིག་བྱས་རྗེས་ཁོ་གཉིས་ཀྱི་གཤིས་ཀ་མི་མཐུན་སྟབས་ཁྱིམ་ཚང་གི་གནས་ཚུལ་མང་པོར་བསམ་ཚུལ་མི་མཐུན་པའི་ཁར། ཨ་མ་དང་མནའ་མའི་དབར་གྱི་འབྲེལ་བ་ཡག་པོ་མ་བྱུང་བས། ཁོ་གཉིས་ཀྱི་འབྲེལ་བ་ཡང་རིམ་བཞིན་ཇེ་སྡུག་ཏུ་ཕྱིན། སྒྲོལ་ཆེ་གེ་མོས་ཡིག་ཐོག་ནས་བཀྲ་ཆེ་གེ་མོ་ཁྲིམས་ཁང་ལ་གཏུགས་ཏེ་མཉམ་སྡོད་ཀྱི་འབྲེལ་བ་མེད་པ་བཟོ་རྒྱུ་དང་། རྒྱུ་ནོར་བགོ་བཤའ་རྒྱག་རྒྱུ། ཕྲུ་གུ་གསོ་སྐྱོང་བྱེད་པའི་དབང་ཆ་གཏན་འཁེལ་བྱེད་རྒྱུ་བཅས་ཀྱི་རེ་བ་ཞུས།

    ཕྱོགས་གཉིས་པོའི་དབར་མི་མཐུན་པ་མང་པོ་ཡོད་རྐྱེན་གྱོད་སྒྲུབ་ཁྲིམས་དཔོན་གྱིས་ཕྱོགས་གཉིས་པོར་བསམ་གཞིག་བྱས་རྗེས་ཁ་པར་བརྒྱབ་ནས་ཁོ་གཉིས་ལ་གནས་ལུགས་རྒྱུ་མཚན་མང་པོ་བཤད་དེ་ཕན་ཚུན་བསམ་བློ་མང་ཙམ་བཏང་སྟེ་སླད་ཕྱིན་གྱི་འཚོ་བའི་ཁྲོད་ཕན་ཚུན་འབྲེལ་གཏུག་དང་སྤེལ་རེས་མང་ཙམ་བྱེད་པ་དང་། ཕན་ཚུན་བསམ་ཤེས་དང་་བཟོད་བསྲན། ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་བཅས་བྱེད་རྒྱུ་དང་། ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ལ་བསམ་གཞིག་མང་ཙམ་བྱས་ནས་མུ་མཐུད་འཚོ་བ་མཉམ་དུ་སྐྱེལ་རྒྱུའི་གྲོས་འགོ་བཏོན་པ་རེད། མཐར་སྒྲོལ་ཆེ་གེ་མོའི་ཐོག་མའི་ཨུ་ཚུགས་མཐའ་སྐྱེལ་གྱི་བསམ་བློར་འགྱུར་ལྡོག་བྱུང་ནས་སོ་སོའི་གནད་དོན་ལ་ངོས་འཛིན་ཐུབ་པ་དང་། བཀྲ་ཆེ་གེ་མོས་ཀྱང་རང་ཉིད་ཀྱི་མི་འདང་ས་དང་ཕྲུ་གུར་འགན་མི་འཁུར་བའི་གནད་དོན་ཁས་བླངས་པ་རེད།

    མཐར་གྱོད་སྒྲུབ་ཁྲིམས་དཔོན་གྱི་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་བརྩོན་འོག སྒྲོལ་ཆེ་གེ་མོས་ཞུ་གཏུག་ཕྱིར་འཐེན་བྱས་པས་བཟའ་ཚང་ཁ་བྲལ་མི་དགོས་པ་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།