[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • རྐུ་མ་རྐུ་སར་ཐོབ་ཐང་ལག་ཁྱེར་ལྷུངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    ཉེ་ཆར། སྐྱེས་པ་ཞིག་གིས་ཆོས་མཇལ་གྱི་བང་ནང་འཛུལ་ཏེ་འཚང་ཁ་དང་བསྟུན་ནས་མང་ཚོགས་ཀྱི་པ་ཀིར་དང་སྟོད་ཕད་གཤགས་ཏེ་རྐུ་བརྒྱབ། མང་ཚོགས་ཀྱིས་ཁོ་པས་རྐུ་བརྒྱབ་པ་ཤེས་རྗེས་འཕྲལ་དུ་ཉེན་རྟོག་པར་སྙན་སེང་ཞུས་པ་དང་མིག་སྔར་ཉེན་རྟོག་པས་རྐུན་མ་དེ་བཟུང་བ་རེད།

    2017ལོའི་ཟླ་12པའི་ཚེས་20ཉིན་གྱི་ཉིན་གུང་ཆུ་ཚོད་12ཙམ་ལ། ར་མོ་ཆེ་གཙུག་ལག་ཁང་གི་འདུ་ཁང་ནང་སྐྱེས་པ་ཞིག་གིས་ཆོས་མཇལ་གྱི་བང་ནང་འཛུལ་ནས་བོད་ཆས་གྱོན་པའི་མི་ཞིག་གི་པ་ཀིར་ནང་དངུལ་ཁུག་ཡོད་པ་ཤེས་རྗེས། ཁོ་པས་ཆོས་མཇལ་ཞུ་མཁན་གྱི་འཚང་ཁ་དང་བསྟུན་ནས་སྔོན་ནས་གྲ་སྒྲིག་བྱས་པའི་སྐྲ་གྲི་བཏོན་ཏེ་མི་དེའི་ཕྱུ་པ་དང་ལྟོ་ཕད་གཤགས། སྐབས་དེ་དུས་མཐའ་འཁོར་གྱི་ཆོས་མཇལ་ཞུ་མཁན་མང་ཚོགས་ཀྱིས་གནས་ཚུལ་དེ་མཐོང་རྗེས་སྐྱེས་པ་དེ་བང་གི་དཀྱིལ་ནས་ཚུར་འཐེན་ནས་ཁོ་པ་ཉེན་རྟོག་པར་རྩིས་སྤྲོད་རྩིས་བྱས། འོན་ཀྱང་ཁོ་པས་མི་ཚོགས་ཀྱི་དཀྱིལ་ནས་བྲོས་ཕྱིན། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་པའི་ཐོབ་ཐང་ལག་ཁྱེར་དང་གནས་སྡོད་ལག་ཁྱེར་སོགས་རྐུ་རྒྱག་སར་ལྷུངས།

    མང་ཚོགས་ཀྱི་སྙན་སེང་འབྱོར་རྗེས་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ར་མོ་ཆེ་གཙུག་ལག་ཁང་གིས་ཉེ་འགྲམ་གྱི་ཉེན་དོན་ཁང་ནས་མི་དམངས་ཉེན་རྟོག་པ་བཏང་བ་དང་ཉེན་རྟོག་པ་ས་གནས་ས་ཐོག་ཏུ་འབྱོར་སྐབས་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་ཕྱུ་པ་དང་ལྟོ་ཕད་ལ་རིང་ཚད་ལི་སྨི་10ནས་25བར་གཤགས་ཡོད་པ་མཐོང་།

    ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱས་རྗེས། ར་མོ་ཆེ་གཙུག་ལག་ཁང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོ་པའི་ཐོབ་ཐང་ལག་ཁྱེར་སོགས་ཀྱི་ཆ་འཕྲིན་ལ་བརྟག་དཔྱད་བྱས་ནས་སྦྲ་ནག་ཞོལ་སྡེ་ཁུལ་གྱི་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་དེ་ཉིན་གྱི་ཆུ་ཚོད་14ཙམ་ལ་ཁོ་པ་སྦྲ་ནག་ཞོལ་སྡེ་ཁུལ་ནས་བཟུང་བ་རེད།

    མིག་སྔར། མངགས་གཏོང་ཁང་གིས་ཉེས་གསོག་དོགས་ཅན་ཆོས་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་རྐུ་རྒོལ་རུ་ཆེན་ལ་བརྟག་དཔྱད་ཞིབ་ཕྲ་བྱ་རྒྱུར་རྩིས་སྤྲད།

    དགུན་ཁ་ཤར་ཚུན། གནམ་གཤིས་གྲང་དུ་སོང་བའི་རྐྱེན་གྱིས་མི་རྣམས་ཀྱིས་གྱོན་གོས་མཐུག་པོ་གྱོན་པར་བརྟེན་རྐུན་མས་པ་ཀིར་སྔོག་སྐབས་སྣང་བ་ཡོང་གི་མེད་ལ། རྐུན་མ་ཚོར་ཡང་དེ་དང་བསྟུན་ནས་གོ་སྐབས་ཐོབ་ཀྱི་ཡོད།

    མི་དམངས་ཉེན་རྟོག་པས་ལོ་མཇུག་ཏུ་རྒྱ་ཆེའི་གྲོང་མི་ཚོས་མེ་ཟོན་དང་རྐུན་མར་དོགས་ཟོན་བྱེད་དགོས་པ་དང་ཕྱིར་ཐོན་སྐབས་དངུལ་སྨར་འབོར་ཆེན་དང་རྩ་ཆེའི་དངོས་པོ་འཁྱེར་མི་རུང་། གལ་ཏེ་འཁྱེར་དགོས་ངེས་ཡིན་ཚེ། དངུལ་དང་རྩ་ཆེའི་དངོས་པོ་ལུས་ལ་སྦྱར་བའི་པ་ཀིར་ནང་བླུགས་པའམ་ཡང་ན་དངུལ་སྨར་བླུགས་པའི་ལྟོ་ཕད་བྲང་ཁོག་མདུན་དུ་ཉར་ནས་དོགས་ཟོན་ཆེ་རུ་གཏོང་དགོས་པའི་དྲན་སྐུལ་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།